ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱ་གར་དུ་ཚ་བས་མི་137རྐྱེན་ལམ་དུ་ཤོར་བ།

སྤེལ་དུས 2019-07-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ཉེ་བའི་ཉིན་ཤས་བསྟུད་མར་རྒྱ་གར་གྱི་ས་ཆ་མང་པོར་ཚ་བ་ཤིན་ཏུ་ཆེ་བའི་གནམ་གཤིས་བྱུང་བ་དང་། པེས་ཧར་མངའ་སྡེ་སོགས་ས་ཆ་ཁག་ཅིག་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་50ལས་བརྒལ་ནས་དབྱར་ཁ་ཤར་ཚུན་གྱི་ཚ་བ་ཆེ་ཤོས་ཀྱི་དུས་སུ་སླེབས་ཡོད་པ་དང་། ཚ་བ་ཡིས་ཉུང་མཐར་ཡང་མི་137རྐྱེན་ལམ་དུ་ཤོར་ཡོད།
              ཉེ་བའི་ཉིན་ཤས་རིང་། རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་དྲོད་ཚད་མཐོ་ཤོས་48℃ཟིན་པ་དང་། རྡི་ལི་ཡི་ཟླ་དྲུག་པའི་དྲོད་ཚད་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།
              ཨ་རིའི་མ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་གནམ་གཤིས་རིག་པའི་མཁས་པའི་ཞིབ་འཇུག་འབྲས་བུ་ལྟར་ན། མིག་སྔའི་འཕེལ་ཕྱོགས་འོག རྒྱ་གར་ཅའོ་ཏ་ན་ཀེ་པུར་མཐོ་སྒང་དང་བྱང་ཤར་ས་ཁུལ་ཁག་ཅིག་གི་དྲོད་ཚད་དེ་མིའི་རིགས་ཀྱིས་བཟོད་མི་ཐུབ་པའི་ཚད་དུ་སླེབས་ནས་མི་འབོར་འདུས་ཚད་ཆེ་ཞིང་། དཔལ་འབྱོར་དར་རྒྱས་མེད་པ་དང་། ཉ་ལས་དང་ཞིང་ལས་ལ་བརྟེན་པའི་ཉམས་ཞན་ས་ཁུལ་དག་ལ་ཐོག་མར་ཚ་བའི་གནོད་འཚེ་ཕོག་སྲིད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།