ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

བ་སོ་ལྐོག་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

སྤེལ་དུས 2019-07-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             སྤྱི་ཟླ་7ཚེས་23ཉིན་ཀྲུང་གོའི་འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་གོའི་འགག་སྒོ་དང་སིང་ཀ་ཕོར་འགག་སྒོ་སྡེ་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས་བ་སོ་ལྐོག་འདྲེན་ལ་རྡུང་རྡེག་གཏོང་བའི་བྱེད་སྒོ་སྤེལ་ཞིང་། བ་སོ་སོགས་སྟོངས་ལ་ཉེ་བའི་དངོས་རིགས་རྩ་ཆེན་དང་དེའི་ཐོན་རྫས་ལྐོག་འདྲེན་བྱས་པའི་རྒྱལ་སྤྱིའི་ཉེས་གསོག་ཚོགས་པ་ཞིག་གཏོར་བ་དང་། དོགས་ཡོད་ཉེས་ཅན་12བཟུང་ཡོད་ལ། ལྐོག་འདྲེན་བྱས་པའི་བ་སོ་ཏུན་8.8རྩད་ཆོད་ཡོད།
             འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་གཅིག་གྱུར་གྱི་མཛུབ་སྟོན་བྱས་པར་བརྟེན། ནན་ཉིང་དང་ཧར་པིན། ཀོང་ཀྲོའུ་སོགས་ཀྱི་འགག་སྒོ་ཡིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ཐིང་དང་མཉམ་འབྲེལ་བྱས་ནས། དོགས་ཡོད་ཉེས་ཅན་12བཟུང་པ་དང་། ཀྲུང་གོའི་འགག་སྒོས་མཁོ་འདོན་བྱས་པའི་གསང་འཕྲིན་གནད་ལ་འཁེལ་བར་གཞིགས་ནས། སིང་ཀ་ཕོར་འགག་སྒོ་ཡིས་ཚོགས་པ་དེའི་བ་སོ་ཏུན་8.8ལྐོག་འདྲེན་བྱས་པ་རྩད་ཆོད་ཡོད། གྱོད་དོན་དེ་ལས་ད་དུང་ན་གིའི་ཁྲབ་ལེབ་ཏུན་11.9རྩད་ཆོད་ཡོད།
             མིག་སྔར་གྱོད་དོན་དེ་ནི་སྒྲུབ་བཞིན་པའི་སྒང་ཡིན།
             ད་ལོའི་ཚུན་དུ། ཀྲུང་གོའི་འགག་སྒོ་ཡིས་བ་སོ་སོགས་སྟོངས་ལ་ཉེ་བའི་དངོས་རིགས་རྩ་ཆེན་དང་དེའི་ཐོན་རྫས་༼ཨ་ཧྥེ་རི་ཀ་ནས་འདྲེན་པ་དང་། རྒྱལ་ཁབ་མང་པོར་བརྒྱུད་པ། ཉེ་འཁོར་དུ་གསོག་པ། རྒྱལ་ནང་དུ་འདྲེན་པ་༽ཡི་ལྐོག་འདྲེན་གྱི་ཁྱད་ཆོས་ལ་དམིགས་ནས། རྒྱལ་སྤྱིའི་ཁྲིམས་བསྟར་མཉམ་ལས་བྱེད་ཤུགས་ཇེ་ཆེར་བཏང་བས། རྒྱལ་ཁོངས་ལས་བརྒལ་བའི་མཉམ་འབྲེལ་རྡུང་རྡེག་ཐེངས་མང་བྱས་པ་དང་། གནད་དུ་འཁེལ་བའི་ངང་སིང་ཀ་ཕོར་དང་ཝེ་ཐེ་ནམ། ཀྲུང་གོའི་ཤང་ཀང་སོགས་ལ་མཛུབ་སྟོན་བྱས་ཤིང་འགག་སྒོ་ནས་བ་སོ་ཏུན་11དང་། ན་གིའི་ཁྲ་ལེབ་ཏུན་89.8 བསེ་རུའི་རྭ་སྟོང་ཁེ་90.5བཅས་རྩད་ཆོད་བྱུང་བ་དང་། ལྐོག་འདྲེན་གྱི་ཐོན་ཁུངས་དང་། བརྒྱུད་སྐྱེལ། མངའ་ཁོངས་བརྒལ་བ་བཅས་ཀྱི་སྦྲེལ་ཐག་ཡོངས་ལ་རྡུང་རྡེག་བཏང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།