ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱ་གར་དང་ཕ་ཀི་སི་ཐན་གྱི་དམག་མི་འཁྲུག་རྩོད་ཁྲོད་གྲོངས་པ།

སྤེལ་དུས 2019-08-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱལ་པོ།
               ཕ་ཁི་སི་ཐན་ཕྱོགས་ཀྱིས་སྤྱི་ཚེས་15ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཀ་ཤི་སྨིར་ས་ཁུལ་གྱི་རྒྱ་གར་དང་ཕ་ཁི་སི་ཐན་གྱིས་ཚོད་འཛིན་བྱས་པའི་ས་མཚམས་སུ་མེ་མདའ་རྒྱག་པའི་གནས་ཚུལ་ཐོན་ཞིང་། ཕ་ཁི་སི་ཐན་གྱི་དམག་མི་3དང་རྒྱ་གར་གྱི་དམག་མི་5རྐྱེན་ལམ་དུ་ཤོར་ཡོད་པ་མ་ཟད། མི་སེར་2ཀྱང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ཕན་ཚུན་བར་ད་དུང་མུ་མཐུད་དུ་འཁྲུག་རྩོད་འབྱུང་བཞིན་ཡོད།
               ཕྱོགས་རྐྱང་པས་ཀ་ཤི་སྨིར་གྱི་གནས་སྟངས་ལ་འགྱུར་ལྡོག་གཏོང་བའི་རྒྱ་གར་གྱི་བྱ་སྤྱོད་ལ་ངོ་རྒོལ་དྲག་པོ་ཕོག་པ།
               ཉེ་དུས་ཨ་ཤེ་ཡའི་ལྷོ་ཁུལ་གྱི་རྩོད་རྙོག་ཆེ་བའི་ཁུལ་ཀ་ཤི་སྨིར་དེ་སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། རྒྱ་གར་གྱིས་སྤྱི་ཟླ8པའི་ཚེས5ཉིན་རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ལ་རྩ་ཁྲིམས་ཀྱིས་སྤྲད་པའི་དམིགས་བསལ་གནས་བབ་དེ་མེད་པ་བཟོས་པ་ཁྱབ་བསྒྲགས་བྱས་ཤིང་། རྒྱ་གར་གྱི་བྱེད་སྟངས་དེར་ཕྱོགས་ཁག་གིས་ངོ་རྒོལ་བྱས་ཡོད། ཕ་ཀི་སི་ཐན་གྱིས་སྤྱི་ཟླ8པའི་ཚེས8་ཉིན་ནས་བཟུང་རྒྱ་གར་དུ་གཏོང་བའི་མེ་འཁོར་གཏོང་མཚམས་བཞག་པ་མ་ཟད། རྒྱ་གར་བར་གྱི་ཕྱི་འབྲེལ་རིམ་པ་བཅག་པ་དང་། རྒྱ་གར་གྱི་གློག་བརྙན་སྟོན་མི་ཆོག་པ་བཟོས་ཡོད།
               ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ་8པའི་ཚེས11ཉིན། རྒྱ་གར་གྱི་ལྕགས་ལམ་སྡེ་ཁག་ནས་རྒྱ་གར་དང་ཕ་ཀི་སི་ཐན་གྱི་མཛའ་གྲོགས་མེ་འཁོར་ཞེས་པ་དེ་གཏོང་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་འདུག མེ་འཁོར་དེ་སྔར་ནས་རྒྱ་གར་དང་ཕ་ཀི་སི་ཐན་གྱི་འབྲེལ་བའི་འགྱུར་ལྡོག་མཚོན་རྟགས་ལྟ་བུར་བརྩི་བཞིན་ཡོད།
               རྒྱ་གར་དང་ཕ་ཀི་སི་ཐན་གྱི་མཛའ་གྲོགས་མེ་འཁོར་གཏོང་མཚམས་བཞག་པའི་འབྱུང་རྐྱེན་ནི་རྒྱ་གར་གྱིས་ཀ་ཤི་སྨིར་གྱི་གནད་དོན་ཐད་འཁྲུག་རྐྱེན་བསླངས་པའི་རྐྱེན་ལས་བྱུང་བ་ཞིག་རེད། སྤྱི་ཟླ8པའི་ཚེས5ཉིན། རྒྱ་གར་སྲིད་གཞུང་གིས་ཙུང་ཐུང་བཀའ་རྒྱ་བཀྲམ་ནས། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་གྱི་དམིགས་བསལ་གནས་བབ་གཏན་འབེབ་བྱས་པའི་རྩ་ཁྲིམས་ཀྱི་དོན་ཚན་370པ་དེ་མེད་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། ཁྲ་མོ་དང་ཀ་ཤི་སྨིར་ཞེས་པ་དང་ལ་དྭགས་ཞེས་པའི་ཀྲུང་དབྱང་ཐད་གཏོགས་ཁུལ་གཉིས་བཙུགས་ཡོད།
               རྡོ་གཅིག་འཕངས་པས་རླབས་རིས་གྲངས་མེད་འཕྱུར་ཞེས་པ་ལྟར། ཕ་ཀི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་རྒྱ་གར་སྲིད་གཞུང་གི་བྱེད་སྟངས་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཁུལ་དེའི་སྐོར་གྱི་གྲོས་ཆོད་ལས་འགལ་ཡོད་ཅེས་བཤད་འདུག དེ་རྗེས་ཕ་ཀི་སི་ཐན་གྱིས་རྒྱ་གར་བར་གྱི་ཕྱི་འབྲེལ་རིམ་པ་གཅོག་རྒྱུ་དང་། རྒྱ་གར་བར་གྱི་མཐའ་མཚམས་ཉོ་ཚོང་གནས་སྐབས་མཚམས་འཇོག་བྱ་རྒྱུ། རྒྱ་གར་དུ་བཅའ་སྡོད་བྱས་པའི་ཕྱི་འབྲེལ་དཔོན་ཚུར་སྐོང་རྒྱུ། ཆབས་ཅིག་ཕ་ཀི་སི་ཐན་དུ་ཡོད་པའི་རྒྱ་གར་གྱི་ཕྱི་འབྲེལ་དཔོན་ཕྱིར་འབུད་གཏོང་རྒྱུ་བཅས་ཀྱི་ཁྱབ་བསྒྲགས་བྱས་ཡོད།
               རྒྱ་གར་དང་ཕ་ཀི་སི་ཐན་བར་ཀ་ཤི་སྨིར་གྱི་བདག་དབང་གནད་དོན་ཐད་སྔར་ནས་རྩོད་རྙོག་ཡོད་པ་དང་། དེའི་ཆེད་དུ་ཕྱོགས་གཉིས་བར་དམག་ཐེངས་ཁ་ཤས་རྒྱག་མྱོང་ཡོད། སྤྱི་ལོ1972ལོའི་སིམ་ལའི་གྲོས་ཆོད་ལ་མིང་རྟགས་བཀོད་རྗེས་ས་ཁུལ་དེའི་དུས་བབ་ཅུང་ཞི་ལྷོད་དུ་གྱུར་ཡོད། ཡིན་ནའང་རྒྱལ་ཁབ་གཉིས་པོའི་བར་སྔར་བཞིན་འཐབ་རེས་རྒྱག་རེས་ཐུག་གི་ཡོད།
ད་ལོའི་ཟླ་བ་2པར། ཕ་ཀི་སི་ཐན་སྲིད་གཞུང་གིས་རྒྱ་གར་གྱི་དམག་འཐབ་གནམ་གྲུས་བཙན་འཛུལ་བྱས་པར་ངོས་འཛིན་བྱས་ནས། རྒྱ་གར་ཕྱོགས་ནས་ཕ་ཀི་སི་ཐན་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་བ་ཡིན་ཟེར་བ་ཁས་ལེན་བྱས་མེད་པ་རེད། དེའི་རྗེས་སུ་རྒྱལ་ཁབ་གཉིས་པོས་ཀ་ཤི་སྨིར་ས་ཁུལ་གྱི་དོན་དངོས་ཚོད་འཛིན་ས་མཚམས་ཀྱི་ཉེ་འགྲམ་དུ་དམག་ཐེངས་མང་བརྒྱབ་པ་དང་། ཕན་ཚུན་གཉིས་ཀའི་མི་ཤི་རྨས་བྱུང་ཡོད།
               ལུའུ་ཐའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀ་ཤི་སྨིར་ས་ཁུལ་ནི་འདས་པའི་ལོ་70ཙམ་ནང་འཛམ་གླིང་ཡོངས་ཀྱི་དམག་དོན་འཐབ་འཁྲུག་གི་ཉེན་ཁ་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པས། དམིགས་བསལ་གནས་བབ་མེད་པ་བཟོས་པ་ནི་རྒྱ་གར་སྲིད་གཞུང་གིས་རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་ལ་སྤེལ་བའི་ཆབ་སྲིད་བྱ་སྤྱོད་གལ་ཆེ་ཤོས་ཤིག་རེད།
               དབྱེ་ཞིབ་པས་བསྟན་པར། རྒྱ་གར་གྱི་བྱ་སྤྱོད་དེས་དོན་དངོས་ཐོག་མེད་པ་བཟོས་པ་ནི་རྒྱ་གར་རྩ་ཁྲིམས་ཀྱི་དོན་ཚན་370པ་དེ་ཡིན་པ་དང་། དོན་ཚན་དེའི་ནང་ས་ཁུལ་དེར་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་ཡོད་པ་གཏན་འབེབ་བྱས་ཡོད་པ་དང་། ཆབས་ཅིག་དམིགས་བསལ་གྱི་ཐོབ་ཐང་རབ་དང་རིམ་པ་གཏན་འཁེལ་བྱས་ཡོད། དེའི་ནང་ས་ཁུལ་གཞན་པའི་མི་ཀ་ཤི་སྨིར་ས་ཁུལ་དུ་གཏན་སྡོད་བྱས་མི་ཆོག་པ་དང་། ས་ཁུལ་གཞན་གྱིས་མིས་ཡུལ་དེ་ནས་ས་ཆ་ཉོ་མི་ཆོག་པ། ས་ཁུལ་གཞན་གྱི་མིར་ས་གནས་དེའི་སྲིད་གཞུང་གི་འགན་གནས་སྤྲོད་མི་ཆོག་པ། ས་ཁུལ་གཞན་གྱི་མིར་སྦྱངས་འབྲས་གཟེངས་ཐོན་བྱ་དགའ་སྤྲོད་མི་ཆོག་པ་སོགས་ཚུད་ཡོད།
               ཧར་ཁྲོམ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ཙུང་ལི་མོ་ཏིས་སྤྱི་ཟླ8པའི་ཚེས8ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་གྱི་དམིགས་བསལ་གནས་བབ་མེད་པ་བཟོ་རྒྱུའི་གཏན་འབེབ་དེར་དག་འབུད་བྱེད་ཆེད། གནས་བབ་གསར་པ་ནི་དཔལ་འབྱོར་དང་ཀ་ཤི་སྨིར་བའི་ཕན་བདེ་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་ཅེས་བཤད་འདུག
               ཉེ་དུས་རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཛ་དྲག་གིས་རྣམ་པས་ཁེངས་ཡོད་པ་དང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་ནས་རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཀ་ཤི་སྨིར་ས་ཁུལ་དུ་ཉུང་མཐར་ཡང་དམག་མི་ཆིག་ཁྲི་ཙམ་བཀོད་སྒྲིག་བྱས་ཡོད་པ་དང་། དམག་མི་འབོར་ཆེན་སྤྱི་ཚེས4ཉིན་ནས་བཟུང་ས་གནས་དེའི་ཉེན་རྟོག་ཅུད་དང་སྲིད་གཞུང་ཐོག་ཁང་ནས་བཅའ་སྡོད་བྱས་ཡོད་པ་རེད། རྒྱ་གར་གྱི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱིས་ད་དུང་དམག་མི་ཉིས་ཁྲི་ལྔ་སྟོང་སྣོན་གཏོང་བྱེད་རྩིས་ཡོད་པ་རེད།
               རྒྱ་གར་དང་ཕ་ཀི་སི་ཐན་གྱི་འབྲེལ་བ་ཟམ་མི་ཆད་པར་ཛ་དྲག་ཏུ་ཕྱིན་པ་དང་བསྟུན་ནས་ཕྱོགས་གཉིས་པོས་ཛ་བྲེལ་ངང་འཐབ་འཛིང་གི་སྟ་གོན་བྱེད་པ་དང་། དམག་འཁྲུག་གི་སྤྲིན་ནག་ཀ་ཤི་སྨིར་གྱི་མཁའ་དབྱིངས་སུ་འཁྲིགས་བཞིན་ཡོད། རྒྱ་གར་གྱི་དཔལ་འབྱོར་སྐབས་དོན་ཚགས་པར་གྱིས་དཔྱད་གཏམ་སྤེལ་བའི་ནང་། མིག་སྔའི་དུས་བབ་ནི་སྤུ་གྲིའི་ཐོག་བསྡད་པ་ལྟ་བུ་རེད་ཅེས་བཤད་འདུག
               ཨ་རིའི་ཨ་ཤེ་ཡ་ལྷོ་ཁུལ་གནད་དོན་གྱི་ཆེད་མཁས་པ་ཁུ་ཀེར་མན་གྱིས་ཕྱི་འབྲེལ་སྲིད་ཇུས་ཞེས་པའི་ནང་རྩོམ་ཡིག་སྤེལ་ནས། རྒྱ་གར་གྱིས་ཀ་ཤི་སྨིར་གྱི་གནད་དོན་ཐད་གློ་བུར་ཐོབ་རྒྱག་གི་བྱ་སྤྱོད་སྤེལ་བ་དེ་ནི་མེ་རྩེད་རང་སྲེག་གི་བྱ་སྤྱོད་རེད། རྒྱ་གར་ཕྱོགས་ཀྱི་ཤུགས་ཆེའི་གནོན་བཙིར་གྱིས་རྐྱེན་པས་ས་ཁུལ་དེ་སླར་ཡང་བརྟན་ལྷིང་མེད་པར་འགྱུར་ཉེན་ཡོད་ཅེས་བཤད་འདུག དབྱིན་ཇིའི་རང་བཙན་ཚགས་པར་ཐོག་ཏུ་རྩོམ་ཡིག་སྤེལ་བའི་ནང་། རྒྱ་གར་གྱི་བྱ་སྤྱོད་དེས་རྒྱ་གར་རང་ཉིད་ལ་ཕན་ཐོགས་མིན་གསལ་ཆ་མེད། ཡིན་ནའང་དེས་ཨ་ཤེ་ཡའི་ལྷོ་ཁུལ་ལ་རྙོག་དྲ་ཆེན་པོ་བཟོ་ངེས་རེད་ཅེས་བཤད་འདུག
               ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་གར་དང་ཕ་ཀི་སི་ཐན་ནི་ཀ་ཤི་སྨིར་གྱི་གནད་དོན་གྱིས་རྐྱེན་པས་དགྲ་ཁ་གཏད་དུ་གྱུར་བ་དང་། གཞི་ཁྱོན་ཆུང་བའི་དམག་འཁྲུག་ནི་རྒྱུན་ལྟོ་ལྟར་དུ་གྱུར་ཡོད། ཡིན་ནའང་མིག་སྔའི་ཆ་ནས་བཤད་ན། ཕྱོགས་གཉིས་ཀས་དམག་འཁྲུག་གི་རྐྱེན་ལས་འབྱུང་སྲིད་པའི་ཡུལ་གྱར་བའི་ཉམས་ཉེན་མཐོང་མི་འདོད་པ་མ་ཟད། ཕྱོགས་གཉིས་པོའི་ཉིང་རྡུལ་སྟོབས་ཤུགས་ཀྱི་ཟིལ་གནོན་འོག གཞི་ཁྱོན་ཆེ་བའི་དམག་འཁྲུག་ཐོན་བཟོ་ཆེན་པོ་མེད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།