འཛམ་གླིང་གི་མི་བཞི་ཆའི་གཅིག་འཐུང་ཆུའི་དཀའ་ངལ་དང་འཕྲད་པ།
སྤེལ་དུས 2019-08-16
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
འཛམ་གླིང་ཐོན་ཁུངས་ཞིབ་འཇུག་ཁང་གིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། མིག་སྔར། འཛམ་གླིང་ཡོངས་ཀྱི་མི་བཞི་ཆའི་གཅིག་ལ་འཐུང་ཆུ་ཤིན་ཏུ་དཀོན་པའི་དཀའ་ངལ་བྱུང་ཡོད་ཅིང་། དེ་ནི་འཛམ་གླིང་རང་བཞིན་གྱི་ཆུའི་ཉམས་ཉེན་ཞིག་ཡིན་པ་རེད།
འཛམ་གླིང་ཐོན་ཁུངས་ཞིབ་འཇུག་ཁང་གིས་སུའེ་ཙེར་དང་ཧོ་ལན་རྒྱལ་ཁབ་གཉིས་ཀྱི་སློབ་གྲྭ་ཆེན་མོ་དང་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་གྱིས་འཛམ་གླིང་གི་རྒྱལ་ཁབ་189ཡི་ཆུའི་ཐོན་ཁུངས་དང་། ཐན་པ། ཆུ་ལོག་བཅས་ཀྱི་གནས་ཚུལ་ལ་ཞིབ་འཇུག་དང་དཔྱད་དཔོག་བྱས་རྗེས་ཤེས་པར། མིག་སྔར། རྒྱལ་ཁབ་17ལ་འཐུང་ཆུ་ཤིན་ཏུ་དཀོན་པའི་དཀའ་ངལ་བྱུང་ཡོད་པ་དང་། དེ་དག་གིས་འཛམ་གླིང་ཡོངས་ཀྱི་མི་འབོར་གྱི་བཞི་ཆུའི་གཅིག་ཟིན་ཡོད་པ་མ་ཟད། ཆུ་དཀོན་པའི་དཀའ་ངལ་མུ་མཐུད་ཇེ་ཆེར་འགྲོ་རྒྱུའི་འཕེལ་ཕྱོགས་མངོན་ཡོད།
རྒྱལ་ཁབ་དེ་དག་ལ་འཐུང་ཆུ་དཀོན་པའི་དཀའ་ངལ་བྱུང་དོན་ནི་གནམ་གཤིས་ལ་འགྱུར་བ་བྱུང་བ་དང་། ཆུའི་ཐོན་ཁུངས་འཕྲོ་བརླག་བྱས་པ། ཆུའི་ཐོན་ཁུངས་སྦག་བཙོག་བྱས་པ་སོགས་ཀྱིས་ཡིན་པ་རེད།
འཐུང་ཆུའི་དཀའ་ངལ་འཕྲད་པའི་རྒྱལ་ཁབ་དེ་དག་ཕལ་ཆེ་བ་དཀྱིལ་ཤར་དང་། ཧྥེ་གླིང་ནས་ཡིན་པ་དང་། གཞན་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་གར་ལ་ཡང་འཐུང་ཆུ་དཀོན་པའི་དཀའ་ངལ་ཆེན་པོ་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།