ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀུ་ཤུ་ཚང་གིས་ཚེས་11ཉིན་གྱི་ཞོགས་པར་iphoneབཟོ་ལྟ་གསར་པ་གསུམ་ཁྲོམ་བསྒྲགས་བྱས་ཤིང་རིམ་པ་མཐོ་ཤོས་ཀྱི་ཁ་པར་རིན་གོང་སྒོར་ཁྲི་ལས་བརྒལ་ཡོད།

སྤེལ་དུས 2019-09-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
               པེ་ཅིང་དུས་ཚོད་ཟླ་9པའི་ཚེས་11ཉིན་གྱི་ནམ་གུང་གི་ཆུ་ཚོད་1པར། ཀུ་ཤུ་ཚང་གིས་2019ལོའི་སྟོན་ཁའི་ཐོན་རྫས་གསར་པའི་ཁྲོམ་བསྒྲགས་ཚོགས་འདུ་རྗོ་བྷོ་སི་ཟློས་གར་ཁང་དུ་སྤེལ། 
               ཐེངས་འདིའི་ཁྲོམ་བསྒྲགས་ཚོགས་འདུའི་གོམ་འགྲོས་ནི་སྔོན་ཆད་ལས་ཀྱང་མགྱོགས་ཏེ། ipadགསར་པ་དང་Apple Watchམཚམས་སྦྱོར་བྱས་རྗེས། ཀུ་ཤུ་ཚང་གིས་དེ་མ་ཉིད་དུ་ད་ལོའི་བཟོ་ལྟ་གསར་པའི་ཁ་པར་གསུམ་ཁྲོམ་བསྒྲགས་བྱས། དེ་དག་ནི་iphone 11དང་iphone 11 Proདང་iphone 11 Pro maxབཅས་ཡིན་ནོ།།
               iphoneགསར་པའི་ཕྱིའི་བཟོ་ལྟ་ནི་དེའི་སྔོན་དུ་ལས་རིགས་སོ་སོའི་སྡེར་ཁྱབ་བཞིན་པའི་པར་རིས་དང་ཆ་འདྲ་ཞིང་། iphone 11 Proཅན་བཟོ་ལྟ་གཉིས་ཀྱི་རྒྱབ་ངོས་མཚོན་རྟགས་རང་བཞིན་གྱི་བརྙན་མིག་གསུམ་གྱིས་ནི་མི་རྣམས་ཀྱི་དང་བ་ཅིག་ཅར་དུ་དྲངས།
               རིན་གོང་གི་ཐད་ནས་ཀུ་ཤུ་ཚང་གིས་ན་ནིང་གི་རིན་གོང་གཏན་ཁེལ་བྱེད་ཐབས་རྒྱུན་བསྲིངས་བྱས་ཡོད་དེ། རིན་གོང་ཁེ་པའི་ལམ་ཐིག་གི་iphone 11པ་ཡི་རིན་གོང་སྒོར་5400ནས་འགོ་རྩོམ་པ་དང་། རིན་གོང་ཆེས་མཐོ་བའི་iphone 11 Pro Maxཡི་རིན་གོང་སྒོར་9599ནས་འགོ་རྩོམ་པ་རེད། 
               iphone 11པར་ཁ་དོག་རིགས་དྲུག་ཡོད་པ། 
               ཐེངས་འདིའི་ཀུ་ཤུ་ཁྲོམ་བསྒྲགས་ལས་རིན་གོང་ཆེས་ཁེ་པའི་ཁ་པར་ཡིན་པའི་ཆ་ནས། iphone 11པ་ཡི་རིན་གོང་ཨ་སྒོར་699ནས་འགོ་རྩོམ་པ་དང་། རྒྱལ་གཉེར་རིན་གོང་སྒོར་5499ནས་འགོ་རྩོམ་པ་ཡིན་པས། སྤྱོད་གོང་སྡུར་ཚད་ཆེས་མཐོ་བ་ཞིག་ཏུ་ངོས་འཛིན་པ་རེད། 
               གཞན་ཡང་རྒྱབ་ངོས་ཀྱི་བརྙན་མིག་ཟུང་གི་ཇུས་འགོད་ཀྱང་བལྟས་ཚོད་ཀྱིས་མིག་ལམ་དུ་མཛེས་པ་ཞིག་རེད།
苹果凌晨发布了三款新iPhone,旗舰机型售价过万元
               རྒྱབ་ཀྱི་བརྙན་མིག་གཉིས་སོ་སོ་ནི་བརྙན་སྤུས་ཁྲི་1200ཅན་གྱི་མཐོང་ཡངས་བརྙན་མིག་དང་། བརྙན་སྤུས་ཁྲི་1200ཅན་གྱི་མཐོང་ཡངས་ཆེན་པོའི་བརྙན་མིག་ཡིན་ལ། ལྡབ་གཉིས་འོད་རིག་རྒྱང་སྒྱུར་དང་4kབརྙན་ལེན་འཁྱོངས་ཐུབ། བརྗོད་བྱ་གཞིར་བཟུང་སྟེ་པར་རིས་ལ་ཚོན་འབྱུག་བྱ་བའི“སྐད་ཆའི་ཚོན་འབྱུག”བྱེད་ལས་དང་། རང་འགུལ་འོག་མཚན་ལྗོངས་བརྙན་ལེན་བྱ་བའི་རྣམ་པ་ཡང་ཁ་སྣོན་བྱས་ཡོད། 
               གཤིས་ནུས་ཐད་ལ་iphone 11པས་ཀུ་ཤུ་ཚང་གི་སྐྱེ་དངོས་དཔེ་འགྲེའི་འདུས་སྙིང་A13བེད་སྤྱོད་བྱས་ཡོད་ལ། གློག་གཡིས་རྒྱུན་བསྲིང་གི་ནུས་པ་iphone XRལས་ཆུ་ཚོད་1གིས་མཐོར་འདེགས་བྱུང་ཡོད།
苹果凌晨发布了三款新iPhone,旗舰机型售价过万元
               གཞན་ཡང་དེ་ལ་རྣམ་པ་ཡོངས་སུ་གསར་པའི་ཁ་དོག་རིགས་དྲུག་ཡོད་པ་སྟེ། སྨུག་པོ་དང་ལྗང་གུ། དམར་པོ། སེར་པོ། དཀར་པོ། ནག་པོ་བཅས་སོ།། མ་ཟད་དེ་ལ་ཀུ་ཤུ་ཁ་པར་ད་སྔ་བར་གྱི་ཆེས་སྲ་བའི་ཤེལ་རྒྱུའང་བེད་སྤྱད་ཡོད། 
               ཐོག་མར་Proཞེས་མིང་བཏགས་པའི་ཁ་པར། 
               Iphone 11 Proནི་ཀུ་ཤུའི་ལོ་རྒྱུས་སྟེང་Proཞེས་མིང་བཏགས་པའི་ཁ་པར་ཐོག་མ་ཡིན་ཏེ། ཁུ་ཁི་ཡིས་ཡུལ་དངོས་ནས་དེ་ནི་ལོ་རྒྱུས་སྟེང་བྱེད་ལས་ཆེས་ཆེ་བ་དང་ཇུས་འགོད་ཆེས་སྔོན་ཐོན་གྱི་iphoneདེ་ཡིན་ཞེས་བཤད། 
               དབྱིན་ཚུན་5.8ཅན་གྱི་iphone 11 Proདང་དབྱིན་ཚུན་6.5ཅན་གྱི་iphone 11 Pro Maxཡི་རིན་གོང་སོ་སོ་སྒོར་8699དང་སྒོར་9599ནས་འགོ་རྩོམ་པ་རེད། 
苹果凌晨发布了三款新iPhone,旗舰机型售价过万元
               iphone 11 Proཅན་བཟོ་ལྟ་གཉིས་པོར་རྒྱབ་ལ་བརྙན་མིག་གསུམ་བཞག་ཡོད་པ་དང་། 4kཡི་གསལ་རབ་བརྙན་རིས་ལེན་ཐུབ། བརྙན་རིས་ལེན་པ་དང་སྒྲིག་བཟོ་བྱེད་དུས། བརྙན་མིག་ཕན་ཚུན་དུས་ཐོག་ཏུ་བརྗེ་སྤོར་བྱ་ཆོག་པ་རེད། 
               གཞན་ཡང་བརྙན་མིག་གསུམ་གྱིས་མགྱོགས་སྒོ་མནན་རྗེས་དུས་མཉམ་དུ་པར་རིས་9ལེན་ཐུབ་ཅིང་། ཤིན་ཏུ་གྲ་དག་པའི་པར་རིས་སྒྲིག་བཟོ་ཡང་མངོན་དུ་བྱ་ཐུབ། 
苹果凌晨发布了三款新iPhone,旗舰机型售价过万元
               iphone 11 Proཡི་རྣམ་པ་ཡོངས་སུ་གསར་པའི་ཁ་དོག་སྔར་ལས་བབ་བརླིང་ཅན་དུ་ཆགས་ཡོད་དེ། ལྗང་ནག་དང་སྐྱ་ནག དངུལ་མདོག གསེར་མདོག་བཅས་ཡོད། རྒྱབ་ངོས་སུ་ཤེལ་རྐྱང་གཅིག་དང་ངར་ལྕགས་ཀྱི་མཐའ་བེད་སྤྱོད་བྱས་ཡོད། 
               དེ་དང་མཉམ་དུ་iphone 11 Proཡིས་སྐྱེ་དངོས་དཔེ་འགྲེའི་འདུས་སྙིང་A13བཀོལ་སྤྱོད་བྱས་ཡོད་པས། གཤིས་ནུས་ཇེ་མཐོར་བཏང་བ་དང་ཆབས་ཅིག་ཟད་གྲོན་ཇེ་ཆུང་དུ་བཏང་ཡོད། 
苹果凌晨发布了三款新iPhone,旗舰机型售价过万元
               iphone Xsདང་ iphone Xs Maxགཉིས་དང་བསྡུར་ན། iphone 11 Proཅན་བཟོ་ལྟ་གཉིས་ཀྱི་གློག་གཡིས་རྒྱུན་བསྲིང་གི་དུས་ཡུན་སོ་སོར་ཆུ་ཚོད་4དང་ཆུ་ཚོད་5ལ་བསྲིངས་ཡོད། 
苹果凌晨发布了三款新iPhone,旗舰机型售价过万元
               འོན་ཀྱང་ལྟད་མོ་བ་ཁག་ཅིག་གི་ཡིད་ཕངས་པ་ཞིག་ལ། ཐེངས་འདིའི་iphoneབཟོ་ལྟ་གསར་པ་ཚང་མས་5Gདང་འབྲེལ་ཡོད་ཀྱི་ནང་དོན་བཏོན་མི་འདུག
               ipadགསར་པའི་འཆར་ངོས་དེ་བས་ཆེ་བ། 
               ཀུ་ཤུ་ཚང་གིས་ཐེངས་འདིར་འཆར་ངོས་དབྱིན་ཚུན་10.2ཅན་གྱི་ipadརབས་བདུན་པ་འཁྱེར་ཡོང་ཡོད་ཅིང་། A10  Fusionའདུས་སྙིང་དང་ipad OSམ་ལག་ཆེས་གསར་པ་ནང་འཇུག་བྱས་ཡོད་པས་འཁོར་རྒྱུག་འགྲོས་ཚད་སྔོན་མ་ལས་ལྡབ་གཉིས་ཀྱིས་མགྱོགས་པ་རེད། 
苹果凌晨发布了三款新iPhone,旗舰机型售价过万元
               Apple pencilབཀོལ་སྤྱོད་བྱེད་ཐུབ་པ་ཕུད། དེ་ལ་ཁྲེ་ཚུན་སྤྱིའི་རིག་ནུས་མཐེབ་གཞོང་སྦྲེལ་ས་ཞིག་ཀྱང་ཡོད། 
               Apple Watchགསར་པས་འཆར་ངོས་གཟིམ་པ་དང་འབྱེད་པའི་བྱེད་ལས་བྱ་རུང་། 
               ཀུ་ཤུ་ཚང་གིས་གསར་དུ་ཁྲོམ་བསྒྲགས་བྱས་པའི་Apple Watch 5ཡི་འགྱུར་ལྡོག་ཆེས་ཆེ་བ་ནི་འཆར་ངོས་Always-onཡོངས་སུ་གསར་པ་སྒྲིག་སྦྱོར་བྱས་ཡོད་པས། འདིས་འཆར་ངོས་གཟིམ་པའི་གནས་ཚུལ་འོག་ཏུའང་དུས་ཚོད་ཤར་ཐུབ་པ་དང་། བཀོལ་སྤྱོད་མཁན་གྱིས་ལག་པ་ཡར་འགྱོགས་མང་པོ་བྱེད་མི་དགོས་པར་གྱུར་པ་མཚོན་ཡོད། 
               འཆར་ངོས་གསར་པས་འགུལ་རྣམ་གསར་སྒྱུར་བྱེད་རུང་སྟེ། 60Hzནས་1Hzབར་དུ་མངོན་གསལ་གྱིས་ཟད་གྲོན་ཇེ་དམའ་རུ་གཏོང་ཐུབ་ལ། གློག་གཡིས་རྒྱུན་མཐུད་དུས་ཡུན་ཆུ་ཚོད་18ལ་སླེབས་ཐུབ། 
               དེ་དང་མཉམ་དུ་དེ་ལ་ཁ་ཕྱོགས་སྟོན་བྱེད་ཀྱི་བྱེད་ལས་དང་གཞོགས་ངོས་མཐེབ་རྡབ་ཀྱི་ཉེན་བརྡ་གཏོང་བའི་བྱེད་ལས་བསྣན་ཡོད། 
               Apple Watch 5ཡི་རིན་གོང་ཨ་སྒོར་399གཏན་ཁེལ་བྱས་ཡོད་པ་དང་། ཟླ་9པའི་ཚེས་20ནས་འཚོང་འགོ་རྩོམ་རྒྱུ་རེད། དེ་ལ་ཐོག་མའི་ཐེ་འདྲེས་ལྕགས་ཆུ་ཚོད་སྤེལ་ཡོད་ཅིང་། དཀར་པོ་འོད་ཅན་ཡང་གདམ་གསེས་བྱེད་ཆོག
               ཞབས་ཞུ་གཞན་དག 
               ཀུ་ཤུ་ཚང་གི་ཚོང་གཉེར་ནང་གོ་གནས་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་པའི་དུས་མངག་ཞབས་ཞུ་དེ་ལ་ཡང་ཐེངས་འདིའི་ཁྲོམ་བསྒྲགས་ཚོགས་འདུར་བལྟ་ས་ཡིད་འཕྲོག་པ་ཞིག་བྱུང་། 
               རོལ་རྩེད་ཐད་ལ་ཀུ་ཤུ་ཚང་གིས་གཞི་ནས་རྣམ་པ་ཚང་མར་Apple Arcadeའཁྱེར་བྱུང་། ཞབས་ཞུ་འདི་རྗེས་ཀྱི་ཟླ་9པའི་ཚེས་19ཉིན་རྒྱལ་ཁབ་150ལྷག་ཏུ་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་པ་སྟེ། རིམ་པ་དང་པོའི་དཀར་ཆག་ནང་རོལ་རྩེད་རིགས་100ལས་བརྒལ་བ་འདུས་ཡོད་ལ། དུས་མངག་རིན་གཅོད་ཟླ་བ་རེ་ལ་ཨ་སྒོར་4.99དང་ ཟླ་བ་ཐོག་མར་རིན་མེད་དུ་ཚོད་ལྟ་བྱེད་ཆོག
               ཁུ་ཁིས་ཡུལ་དངོས་སུ་ངོ་སྤྲོད་བྱས་པར། ཁྱེད་ཀྱིས་སྤོ་འགུལ་སྟེགས་བུ་དང་དུས་མངག་ཞབས་ཞུ་གང་ནས་ཀྱང་རོལ་རྩེད་འདི་དག་རྙེད་མི་ཐུབ་ཅེས་ཟེར། 
               དེ་དང་མཉམ་དུ་ཀུ་ཤུ་ཚང་གིས་བརྙན་རིས་ཞབས་ཞུ་ལའང་ནུས་ཤུགས་ཆེན་པོ་སྤྱད་འདུག  Apple TV+དེ་ཟླ་11པའི་ཚེས་1ཉིན་རྒྱལ་ཁབ་དང་ས་ཁུལ་100ལྷག་ནས་དྲ་ལམ་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། དེར་བསྟུན་རང་གིས་གསར་དུ་གཏོད་པའི་བརྙན་འཕྲིན་ཟློས་གར་ཁག་དང་པོ་ཕྱིར་སྤེལ་ཏེ། ཁྱིམ་ཚང་གི་དུས་མངག་རིན་གོང་ཟླ་བ་རེ་ལ་ཨ་སྒོར་4.99རུ་གཏན་ཁེལ་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། iPhone、iPad、Apple TVབཅས་གསར་པ་ཉོས་ན་ལོ་གཅིག་རིང་གི་Apple TV +གྱི་རིན་མེད་ཞབས་ཞུ་ཡང་ལོངས་སུ་སྤྱོད་ཐུབ། 
               བཀོལ་སྤྱོད་མཁན་རྒན་པ་རྣམས་ཀྱིས་iPhoneགསར་པ་བརྗེ་བར་ཡིད་འགུག་པའི་ཆེད་དུ། ཀུ་ཤུ་ཚང་གིས་ཟླ་བ་རེར་རིན་གོང་འཇལ་ཐབས་ཀྱི“རྙིང་བས་གསར་པ་བརྗེ་བ”ཡི་འཆར་གཞི་ཡང་བཏོན་ཡོད།