འཇར་མན་དུ་ཀྲུང་གོའི་གཞོན་ནུས་རྐང་འཁོར་བཞོན་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དྲིལ་བསྒྲགས་བྱས་པ།
སྤེལ་དུས 2019-09-23
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཇར་མན་དུ་འཚོ་བ་སྐྱེལ་མཁན་ཀྲུང་གོའི་གཞོན་ནུ་ཚོ་ཞིག་གིས“རྒྱུད་གཅིག་ལམ་གཅིག”བརྗོད་དོན་གཙོ་བོར་བྱས་པའི་རྐང་འཁོར་བཞོན་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་མཚམས་ཚིགས་གལ་ཆེན་ཏུའུ་དབྱི་སེ་པའོ་ནས་ཐོན་ཏེ་མཚོ་ཐོག་སྐྱེལ་འདྲེན་གྱི་ལྟེ་བ་ཧོ་ལན་གྱི་གྲོང་ཁྱེར་ལུའུ་ཐ་ཏན་དུ་འབྱོར་བ་དང་། ལམ་བར་དུ་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་རེད།
རྐང་འཁོར་བཞོན་མཁན་ཚོས་ཏུའུ་དབྱི་སི་པའོ་གྲུ་ཁ་དང་ལུའུ་ཐེ་ཏན་གྲུ་ཁར་ལྟ་སྐོར་བྱས་པ་དང་། སྐམ་མཚོའི་སྐྱེལ་འདྲེན་འབྲེལ་མཐུད་ཀྱི་ཟོག་འགྲེམས་རྟེན་གཞིར་འཚམས་འདྲི་བྱས་པ་མ་ཟད་ཏུའུ་དབྱི་སི་པའོ་གྲོང་ཁྱེར་སྲིད་གཞུང་དང་ཁེ་ལས་ཁག་གཅིག་དང་བཞུགས་མོལ་བྱས་ནས་ས་གནས་དེ་གའི་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་བྱས་པ་དང་། ད་དུང་ལམ་བར་གྱི་ས་གནས་དེ་གའི་དམངས་ཚོགས་དང་སྤེལ་རེས་བྱས་ནས་ཁོང་ཚོར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ངོ་སྤྲོད་བྱས་པ་རེད།
རྐང་འཁོར་བཞོན་པའི་བྱེད་སྒོ་གཙོ་གཉེར་བྱེད་མཁན་གྱི་གྲས་ཤིག་ཡིན་པའི་པེར་ལིན་རྐང་འཁོར་ཚོགས་པའི་ཚོགས་གཙོ་ཆིན་ཡུས་ཐུང་གིས་ངོ་སྤྲོད་བྱས་དོན། ཡོ་རོབ་དུ་རྐང་འཁོར་བཞོན་རྒྱུ་དར་སོ་ཆེན་པོ་ཡོད་པ་དང་། བྱ་ཐབས་དེ་བརྒྱུད་ནས“རྒྱུད་གཅིག་ལམ་གཅིག”གི་ཡོ་རོབ་ཀྱི་མཚམས་ཚིགས་གལ་ཆེན་གཉིས་འབྲེལ་མཐུད་བྱས་པ་དང“རྒྱུད་གཅིག་ལམ་གཅིག”གིས་ས་གནས་དེར་འགྱུར་ལྡོག་ཆེན་པོ་བཏང་བ་ཤེས་རྟོགས་བྱས་ཡོད། ཁོང་ཚོས་ལམ་བར་དུ་ཀྲུང་གོའི་འབོད་སྒྲ་བརྒྱུད་བསྒྲགས་བྱས་པ་དང་དམིགས་བསལ་བྱ་ཐབས་དེ་བརྒྱུད་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།