ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧ་སག་སི་ཐན་གྱི་ཆབ་སྲིད་མཁས་ཅན་གྱིས་ཀྲུང་གུང་གིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་འགོ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་བསྔགས་བརྗོད་བྱས་པ།

སྤེལ་དུས 2019-09-23 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
             ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནུའུ་འར་སུའུ་ཏན་ནས་གློག་འཕྲིན་འབྱོར་གསལ། དུས་རབས་21པར་འཛམ་གླིང་ཡོངས་ཀྱིས་ཀྲུང་གོར་དོ་ཁུར་བྱས་ཏེ་གྲུབ་འབྲས་ཆེན་པོ་དེ་འདྲ་ཐོབ་པའི་རྒྱུ་རྐྱེན་གང་ཞིག་ཡིན་ལ་བསམ་གཞིག་བྱེད་ཀྱི་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་མཚམས་སུ་ཧ་སག་སི་ཐན་གུང་ཁྲན་མི་དམངས་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེ་སྨི་ཐེ་ལི·ལིའོ་ཧོ་ཅིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་མ་ཟད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཐོག་བསྐྱོད་ཡོད་ཅེས་ཁོང་གི་ལྟ་ཚུལ་བརྗོད་པ་རེད།
             ལིའོ་ཧོ་ཅིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་བཏང་བ་དང་ཆབས་ཅིག་རླབས་ཆེན་གྱི་གྲུབ་འབྲས་ཀྱང་ཐོབ་ནས་དཔལ་འབྱོར་གྱི་ཚད་གཞི་འཛམ་གླིང་གི་ཨང་གཉིས་པར་སླེབས་ཤིང་། བཙན་དབང་དོན་གཉེར་མི་བྱེད་པ་མ་ཟད་ད་དུང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པའི་ལྟ་ཚུལ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའང་བཏོན་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དང་ལེན་ཧུར་ཐག་ཐོབ་པ་དང་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་ཅེས་བརྗོད།
             ལིའོ་ཧོ་ཅིས། དུས་རབས་21པར་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཀྲུང་གོར་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་པར་ཧ་སག་སི་ཐན་གུང་ཁྲན་མི་དམངས་ཏང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།