ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཏེན་མག་ལ་འཚམས་འདྲི་བྱས་པ།

སྤེལ་དུས 2019-09-25 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
            ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ཕེན་ཧ་ཀེན་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་18ནས་21ཉིན་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་སུའོ་ཀྲང་ཀྲང་ཡུན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཏེན་མག་ལ་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱེད་རིང་། སྤེལ་རེས་ཚོགས་པས་ཏེན་མག་གི་སྲིད་ཕྱོགས་དང་། སློབ་གསོའི་ལས་རིགས། ཕྱིར་སྡོད་རང་མིའི་ལས་རིགས་བཅས་ཀྱི་མི་སྣའི་དབར་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ཀྱི་གནད་དོན་རབ་དང་རིམ་པར་སྤེལ་རེས་གཏིང་ཟབ་བྱས་པ་དང་། ཏེན་མག་གི་ལས་རིགས་ཁག་ལ་བོད་ཀྱི་ལོ་རྒྱུས་དང་། ཀྲུང་དབྱང་གི་བོད་འབྲེལ་སྲིད་ཇུས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་གི་གནས་ཚུལ་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་མ་ཟད། ད་དུང་ཕྱོགས་གཉིས་འཛུགས་སྐྲུན་གྱི་རང་བཞིན་ལྡན་པའི་སྤེལ་རེས་གཏིང་ཟབ་བྱས་པ་རེད།
            བྱེད་སྒོ་སྤེལ་རིང་སྤེལ་རེས་ཚོགས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། བོད་ལ་འཕེལ་རྒྱས་མྱུར་པོ་འདི་འདྲ་བྱུང་བ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། 1980ལོ་ནས་བཟུང་། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྔ་རྗེས་སུ་ཐེངས་དྲུག་འཚོགས་ནས་རྒྱལ་ཁབ་ཀྱིས་ཕྱོགས་ཁག་ནས་བོད་ཀྱི་འཕེལ་རྒྱས་ལ་རྒྱུན་མཐུད་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་སྐྱོར་ལས་དོན་ལ་སྔ་རྗེས་སུ་ཞུགས་པ་རེད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གི་སྨྱན་སྦྱོར་དང་བསླབ་གཞི་སོགས་སུ་ལོ་རྒྱུས་ཀྱི་དོན་དངོས་སྣང་མེད་བཏང་བ་དང་དཀར་ནག་ཕྱིན་ཅི་བསློགས་པས། བོད་ཀྱི་ལོ་རྒྱུས་དང་དོན་དངོས་ཤེས་རྟོགས་ཐད་ནུབ་ཕྱོགས་ཀྱི་དམངས་ཚོགས་མི་ཉུང་བ་ཞིག་ལ་གོ་ནོར་ཐེབས་་ཡོད། སྤེལ་རེས་ཚོགས་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད་ཅིང་། བོད་འབྲེལ་གནད་དོན་ཐད་ལའང་སྤེལ་རེས་ཇེ་ཟབ་ཏུ་དང་འཁྲུལ་བ་སེལ་བའི་རེ་བ་ཡོད་ཅེས་བཤད་པ་རེད།
            ཏེན་མག་གི་ལས་རིགས་ཁག་གིས་དོ་ཁུར་བྱེད་པའི་བོད་སྐད་ཡིག་དང་བོད་ཀྱི་རིག་གནས་རྒྱུན་འཛིན་སྐོར་ལ། སྤེལ་རེས་ཚོགས་པས་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། བརྒྱ་ཆ་ལྔ་ཙམ་གྱི་སྐུ་དྲག་གིས་མ་གཏོགས་སློབ་གསོ་དང་ལེན་བྱེད་དབང་མེད་པ་དང་། ས་གནས་དེ་གའི་མི་སེར་མང་ཆེ་བར་བོད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་མེད་པས། རྒྱུན་འཛིན་ཟེར་བ་གླེང་ཐབས་བྲལ་བ་ཞིག་རེད། 1959ལོའི་རྗེས་སུ་མི་སེར་དཀྱུས་མ་ཚང་མར་སློབ་གསོ་དང་ལེན་བྱེད་དབང་ཐོབ་ཡོད། བོད་དུ་བོད་ཡིག་ནི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་་ངེས་སྦྱོང་སློབ་ཚན་གྱི་གྲས་ཤིག་ཡིན་སྟབས། སྤྱིར་ན་མི་མང་ཆེ་བས་བོད་སྐད་ཤོད་པ་དང་། ཉན་པ། བོད་ཡིག་འབྲི་ཀློག་ཐུབ་ཀྱི་ཡོད། རྒྱལ་ཡོངས་ཀྱི་མཐོ་སློབ་མང་པོར་བོད་ཡིག་གི་ཆེད་ལས་བཀོད་སྒྲིག་བྱས་ཏེ་དངོས་གཞིའི་ཚན་ཁག་ནས་རབ་འབྱམས་པ་དང་འབུམ་རམས་པ་བར་གྱི་སློབ་གསོའི་མ་ལག་གྲུབ་ཡོད། གཞན་ཡང་རྒྱལ་ཁབ་ཀྱི་མ་དངུལ་འབོར་ཆེན་བཏང་བ་དང་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་རིག་གནས་དང་བོད་ཀྱི་གསོ་བ་རིག་པ་སོགས་ཚང་མ་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཐུབ་ཡོད་ཅེས་བཤད།
            ཆོས་དད་རང་མོས་ཀྱི་གནས་ཚུལ་སྐོར་ལ། སྤེལ་རེས་ཚོགས་པས་རང་རྒྱལ་གྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བཞིན་ཡོད་པས། རྩ་ཁྲིམས་ནང་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་པའི་གཏན་འཁེལ་བྱས་ཡོད། འོན་ཏེ་ཆོས་ལུགས་མི་སྣ་ཡང་སྤྱི་དམངས་ཀྱི་ཁོངས་སུ་གཏོགས་པས་སྒྲིག་བཀུར་ཁྲིམས་སྲུང་བྱེད་དགོས་ཀྱི་ཡོད། ཨ་རི་དང་ཡོ་རོབ་ཏུ་ཡིན་ནའང་ཆོས་ལུགས་མི་སྣས་ཁྲིམས་དང་འགལ་ན་ཁྲིམས་ཆད་ཕོག་ངེས་རེད་ཅེས་བཤད་པ་དང་། སྤེལ་རེས་ཚོགས་པའི་བོད་རིགས་ཀྱི་ཚོགས་མིས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་བོད་ཀྱི་ཆོས་དད་རང་མོས་ཀྱི་གནས་ཚུལ་སྐོར་བཤད་པ་རེད།
            ཏེན་མག་གྲོས་ཚོགས་ཀྱི་རྒྱལ་སྤྱི་པུའི་དཔོན་རིགས་ཀྱིས་ཏེན་མག་ནི་ཀྲུང་གོ་དང་ཕྱི་འབྲེལ་སྔ་ཤོས་བཙུགས་པའི་ནུབ་ཕྱོགས་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་། ཕྱི་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་རེད། ཏེན་མག་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ནས་བོད་ལྗོངས་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ཁས་ལེན་གྱི་ཡོད། འདི་ནི་ཏེན་མག་གྲོས་ཚོགས་ཀྱི་ཏང་ཤོག་མང་པོའི་ཐུན་མོང་ངོས་འཛིན་ཞིག་ཀྱང་རེད་ཅེས་བཤད་པ་དང་། ཁོང་གིས་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཏེན་མག་ཏུ་བོད་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་པར་ཡོང་བར་དགའ་བསུ་ཞུ་གི་ཡིན། སྤེལ་རེས་དང་མཉམ་ལས་ནི་འཁྲུལ་བ་སེལ་བའི་ཐབས་ཤེས་འབའ་ཞིག་དེ་ཡིན་པས། ཕྱིས་སུ་སྤེལ་རེས་དང་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་ཡོང་བའི་རེ་བ་ཡོད་ཅེས་བཤད། 
རྩོམ་སྒྲིག་པ། སངས་སྐྱབས།