ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་བྱ་སྤྱོད་དབུ་ཚོགས་ཀྱིས《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱེད་པར་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ།

སྤེལ་དུས 2019-09-25 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
              ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་བྱ་སྤྱོད་དབུ་ཚོགས་ལས་ཕྱོགས་ཁག་གི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་མཐུན་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་མ་ཐེབས་ནས། 《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱེད་པར་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།
              གནས་ཚུལ་སྤེལ་གསལ་ལྟར་ན། ཚེས་23ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་བྱ་སྤྱོད་དབུ་ཚོགས་ཉིའུ་གཡོད་དུ་འཚོགས་པ་རེད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་དབུ་ཚོགས་ལ་བསྐྱར་སྐྱེས་ཆོག་པའི་ནུས་རྒྱུ་དང་དེ་བཞིན་ཕྱོགས་གཞན་དག་ལ་བྱུང་བའི“དོན་སྙིང་ལྷག་པར་ལྡན་པའི་འཕེལ་རིམ”དང་། གནམ་གཤིས་བྱ་སྤྱོད་ཁྲོད་ཀྲུང་གོ་ཕྱོགས་ཀྱི་འགོ་ཁྲིད་ནུས་པ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་ལུགས་དྲིལ་བསྒྲགས་བྱེད་ཀྱི་་ཡིན་ཞེས་བརྗོད་པ་རེད།
              ཀེང་ཧྲོང་གིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་དྲུང་ཆེ་ཀུ་ཐེ་ལེ་སིས་ད་རེས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་བྱ་སྤྱོད་དབུ་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན་པར་བསྔགས་བརྗོད་ཞུ་གི་་ཡིན། དེ་གོང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་དོན་ཨུ་ཡོན་ཝང་དབྱིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་ཞུས་ཏེ་ད་རེས་ཀྱི་དབུ་ཚོགས་ལ་ཞུགས་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་ཅེས་བརྗོད་པ་རེད།
              ཁོང་གིས་ཉེ་ཆར་ཀྲུང་གོ་ཕྱོགས་ཀྱིས་དབུ་ཚོགས་ཀྱི་བྱ་སྤྱོད་ཆེན་པོ་9ཡི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་བྱ་སྤྱོད་དབུ་ཚོགས། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་བྱ་སྤྱོད》ཡོངས་བསྒྲགས་བྱས་པ་རེད། ཡིག་ཆ་དེས་ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བཞེད་དོན་དང་བྱེད་ཐབས་རྒྱས་བཤད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཆོད་སེམས་དང་འགན་འཁྲི་མཚོན་པར་བྱས་པ། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཚོགས་ལ་ཕུལ་བའི་ལེགས་སྐྱེས་དང་རྒྱབ་སྐྱོར་བྱེད་ལུགས་ཀྱང་མཚོན་པར་བྱས་ཡོད། “ང་ཚོས་ད་རེས་ཀྱི་དབུ་ཚོགས་ལས་ཕྱོགས་ཁག་གི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་མཐུན་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་མ་ཐེབས་ནས། 《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱེད་པར་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།
              ཀེང་ཧྲོང་གིས། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་ནི་རང་ངོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནང་མཁོའི་བླང་བྱ་དང་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འགན་འཁྲིར་བརྩིས་ཏེ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ནན་ཏན་བྱས་ཡོད། ཀྲུང་གོས་ཕྱིན་ཆད《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》ཀྱི་འོས་འགན་ལག་བསྟར་མཐར་ཕྱིན་བྱས་ཏེ། ཡུན་རིང་གི་དྲོད་ཁང་རླངས་གཟུགས་ཉུང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དུས་བཀག་ལྟར་རྩིས་འབུལ་བྱས་ནས་རང་བརྟེན་ལེགས་སྐྱེས་འབུལ་བའི་དམིགས་ཚད་ཚང་མ་ཕྱོགས་ཡོངས་ནས་འགྲུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
              ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ད་རེས་ཀྱི་དབུ་ཚོགས་གོ་སྐབས་སུ་བྱས་ཏེ། ཕྱོགས་ཁག་དང་མཉམ་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཐབས་ལམ་གཙོ་བོའི་གནས་བབ་མཐའ་འཁྱོངས་བྱེད་པ་དང་། “འདྲ་བའི་ཆ་ལྡན་ལ་མི་འདྲ་བའི་ཆའང་ལྡན་པའི་འགན་འཁྲི”སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། 《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ཁམས་གཙང་ལ་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།