ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་མང་པོས་ཐུར་ཁེས་དམག་དོན་བྱ་སྤྱོད་ཁྲོད་མི་སེར་ཤི་རྨས་བཟོས་པའི་དོན་དེར་ཁ་རྡུང་དྲག་པོ་བཏང་བ།

སྤེལ་དུས 2019-10-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཐུར་ཁེས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༩ཉིན་སི་རི་ཡའི་བྱང་རྒྱུད་ཀྱི་ཁུར་ཏེའི་དྲག་ཆས་ཀྱིས་ཚབ་མིང་དུ་ཞི་བདེའི་ཆུ་མིག་ཅེས་པའི་དམག་དོན་བྱ་སྤྱོད་སྤེལ་ཡོད། སི་རི་ཡའི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉུང་མཐར་ཡང་སི་རི་ཡའི་མི་སེར་༨འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་པ་རེད། སི་རི་ཡའི་སྲིད་གཞུང་གིས་དོན་དེར་ཁ་རྡུང་དྲག་པོ་བཏང་ཡོད་པ་དང་། ཨེ་ཅེབ་དང་། སོ་ཏི་ཨ་རབ་སོགས་ཨ་རབ་རྒྱལ་ཁབ་ཀྱིས་ཐུར་ཁེས་བསླངས་པའི་དམག་དོན་བྱ་སྤྱོད་ལ་ཁ་རྡུང་དྲག་པོ་བཏང་ཡོད། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས། སི་རི་ཡའི་བདག་དབང་དང་། རང་བཙན། རྒྱལ་ཁོངས་ས་ཆ་ཆ་ཚང་བཅས་ལ་ངེས་པར་དུ་བརྩི་འཇོག་དང་སྲུང་སྐྱོང་བྱ་དགོས་ཞེས་བསྟན་ཡོད། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཉིན་དེར་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་ལ་ཁ་པར་བཏང་ནས། ཐུར་ཁེའི་ཕྱོགས་ནས་ནན་ཏན་སྒོ་ནས་བསམ་གཞིགས་ཡག་པོ་བྱ་རྒྱུ་དང་། སི་རི་ཡའི་བདག་དབང་ལ་བརྩི་འཇོག་བྱ་རྒྱུ། དམག་དོན་བྱ་སྤྱོད་ཀྱིས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ཀྱི་ཐུན་མོང་འབད་བརྩོན་ལ་གནོད་འཚེ་མི་གཏོང་པའི་རེ་འབོད་བྱས་ཡོད། དབྱི་རན་ཕྱི་འབྲེལ་པུས་སྤྱི་ཚེས་༡༠ཉིན་གསལ་བསྒྲགས་སྤེལ་ནས། ཐུར་ཁེས་སི་རི་ཡའི་ནང་ཁོངས་སུ་དམག་དོན་བྱ་སྤྱོད་སྤེལ་བར་སེམས་ཁྲལ་བྱེད་ཀྱི་ཡོད་པ་དང་། ཐུར་ཁེས་འཕྲལ་མར་དམག་དོན་བྱ་སྤྱོད་མཚམས་འཇོག་བྱ་རྒྱུའི་བླང་བྱ་སྟོན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།