རེས་འཁོར་གསར་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་བྱེད་འགོ་ཚུགས་པ།
སྤེལ་དུས 2019-10-11
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༡༠ཚེས་༡༠ཉིན་གྱི་སྔ་དྲོ། རེས་འཁོར་གསར་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་བྱེད་འགོ་ཚུགས་ཡོད་པ་རེད། རེས་འཁོར་འདིའི་མཐོ་རིམ་གྲོས་མོལ་དེ་སྤྱི་ཚེས་༡༠ཉིན་ནས་༡༡ཉིན་བར་ཝ་ཤིང་ཐོན་དུ་བྱ་རྒྱུ་དང་། ཕྱོགས་གཉིས་པོའི་ཚོགས་པས་དེའི་གོང་ལས་ཀའི་བང་རིམ་གྱི་གྲོས་མོལ་འགོ་ཚུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།