ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

དེ་སྔ་ཙུང་ལི་ཀྲོའུ་ཨེན་ལའེ་ཡང་རྒྱ་གར་གྱི་གནས་འདིར་ཕེབས་མྱོང་ཡོད།

སྤེལ་དུས 2019-10-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ཞི་ཅིན་ཕིང་དང་མོ་ཏིའི་མཇལ་འཛོམས་གནང་ཡུལ་འདིར་དེ་སྔ་ཙུང་ལི་ཀྲོའུ་ཨེན་ལའེ་ཡང་ཕེབས་མྱོང་ཡོད།
            རྒྱ་གར་གྱི་ཙུང་ལི་མོ་ཏི་ཡི་གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་10ཚེས་11ནས་ཚེས་12ཉིན་བར་རྒྱ་གར་གྱི་ཅིན་ནེ་རུ་ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པར་ཕེབས་རྒྱུ་རེད། རྒྱ་གར་སྨྱན་སྦྱོར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཅིན་ནེ་རུ་འབྱོར་རྗེས་མོ་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་རྒྱུ་དང་། དེ་རྗེས་མོ་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་མཚོ་འགྲམ་ལྷ་ཁང་འཛུགས་སྐྲུན་ཚོགས་ལ་གཟིགས་སྐོར་བྱ་རྒྱུ་ཡིན་པ། ས་སྲོས་སུ་མོ་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་རིག་རྩལ་འཁྲབ་སྟོན་ལ་གཟིགས་རྒྱུ་མ་ཟད་སྒེར་གྱི་དགོང་ཚོགས་འཚོག་རྒྱུ་ཡིན་པ་དང་། ཁོང་གཉིས་ད་དུང་མཉམ་དུ་འཆམ་འཆམ་ལ་འགྲོ་རྒྱུ་ཡིན་པ་རེད། ཚེས་12ཉིན་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་2018ལོར་ཝུའུ་ཧན་དུ་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་དང་པོ་གནང་སྐབས་ཀྱི་“སྤྲོ་གསེང་གླེང་མོལ”བསྐྱར་དུ་བྱ་རྒྱུ་རེད་ཅེས་སྤེལ་ཡོད།
            རྒྱ་གར་སྨྱན་སྦྱོར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཅིན་ནེ་རུ་འབྱོར་རྗེས་མོ་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་མཚོ་འགྲམ་ལྷ་ཁང་འཛུགས་སྐྲུན་ཚོགས་ལ་གཟིགས་སྐོར་བྱ་རྒྱུ་ཡིན་པ་བཤད་ཡོད།
            《འཛམ་གླིང་སྐབས་དོན་ཚགས་པར》གྱི་གསར་འགོད་པས་ཚེས་10ཉིན་ཅིན་ནེའི་མཚོ་འགྲམ་གྲོང་རྡལ་ཆུང་ངུ་མཱ་མ་ལ་ཕུའུ་ལ་མུའུ་རུ་བདེ་འཇགས་ཉེན་སྲུང་མི་སྣ་འབོར་ཆེན་ཞིག་ཕྱི་ནང་དུ་བཅའ་སྡོད་བྱས་ཡོད་པ་མཐོང་བ་དང་། ལྷ་ཁང་འཛུགས་སྐྲུན་ཚོགས་པའི་ཉེ་འགྲམ་གྱི་ཨར་ཁང་ཞིག་ལའང་བདེ་འཇགས་ཞིབ་བཤེར་སྒྲིག་ཆས་བསྒར་ཡོད་པ་རེད། ཨར་ཁང་གི་ལས་དོན་མི་སྣས་གསར་འགོད་པར་དབུ་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་ཉེན་རྟོག་པ་5ནས་6བར་ཨར་ཁང་དུ་སྐོར་གཡེང་བྱེད་པར་མངགས་ཡོད་པ་བཤད་འདུག 《རྒྱ་གར་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེན་དོན་མི་སྣ་10000ཙམ་གྱིས་བཀའ་སྒུག་བཞིན་ཡོད་པ་དང་དུས་མཚུངས་ཐའེ་སྨིར་ན་ཏེ་མངའ་སྡེའི་སྲིད་གཞུང་གིས་ད་དུང་རྒྱ་གར་གྱི་སྲིད་འཛིན་ཞབས་ཞུའི་དཔོན་རིགས་9དང་མཐོ་རིམ་ཉེན་རྟོག་དཔོན་པོ་34གདན་ཞུ་བྱས་ནས་ད་ཐེངས་ཀྱི་དབུ་ཚོགས་ཀྱི་མཐུན་སྦྱོར་མི་སྣའི་འགན་འཁུར་དུ་བཅུག་ཡོད་པ་རེད།
            བདེ་འཇགས་མི་སྣ་འབོར་ཆེན་ཞིག་ཅིན་ནེའི་མཚོ་འགྲམ་གྲོང་རྡལ་ཆུང་ངུ་མཱ་མ་ལ་ཕུའུ་ལ་མུའུ་ལྷ་ཁང་འཛུགས་སྐྲུན་ཚོགས་པའི་ཉེ་འགྲམ་དུ་བཅའ་སྡོད་བྱས་ཡོད།
            མཱ་མ་ལ་ཕུའུ་ལ་མུའུ་གྲོང་རྡལ་དུ་སྐོར་གཡེང་བྱེད་མཁན་ཉེན་རྟོག་རླངས་འཁོར་གང་སར་མཐོང་རྒྱུ་ཡོད་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བར་ཉེན་རྟོག་པས་ཐོབ་ཐང་ལག་ཁྱེར་སྟོན་དགོས་པའི་རེ་བ་བཏོན་ཡོད། ས་གནས་དེ་གའི་གྲོང་མི་ཞིག་གིས《འཛམ་གླིང་སྐབས་དོན་ཚགས་པར》གྱི་གསར་འགོད་པར་དབུ་ཚོགས་འཚོག་ཆེད་ཁོང་ཚོར་ཉིན་ཁ་ཤས་ཀྱི་གུང་གསེང་ཐོབ་ཡོད་ཅེས་བཤད་ཡོད་པ་དང་། ས་གནས་དེ་གའི་གྲོང་མི་ཁག་གཅིག་གིས་ད་ཐེངས་ཀྱི་དབུ་ཚོགས་ཀྱིས་གནའ་བོའི་མཚོ་རྒྱུད་གྲོང་ཁྱེར་དེར་རྣམ་པ་བསྒྱུར་བའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།
            གསར་འགོད་པས་དོ་སྣང་བྱུང་བར། མཱ་མ་ལ་ཕུའུ་ལ་མུའུ་གྲོང་རྡལ་གྱི་གནའ་ཤུལ་གྱི་རྣམ་པ་གསར་བར་བཏང་ཡོད་པ་དང་། སྤྱི་པའི་སྒྲིག་བཀོད་ལ་སྣུམ་རྩི་གསར་པ་བྱུག་ཡོད། ལྷ་ཁང་གི་མཐའ་འཁོར་དུ་ཡང་སྤང་ལྗོངས་གསར་པ་བཏིང་ཡོད་པ་རེད། ཁོར་ཡུག་གཙང་སྦྲ་བྱེད་མཁན་མི་ཉུང་བ་ཞིག་གིས་ད་དུང་དབུ་ཚོགས་ལ་མཐའ་མའི་གཙང་སྦྲ་བྱས་ནས་གྲོང་ཁྱེར་གྱི་གཙང་སྦྲ་ཡག་པོ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད།
            མཱ་མ་ལ་ཕུའུ་ལ་མུའུ་གྲོང་རྡལ་དེ་བྷང་ག་ལའི་མཚོ་ཁུག་དང་རྒྱ་གར་ལྷོ་རྒྱུད་ཀྱི་ཐའེ་སྨིར་ན་ཏེ་མངའ་སྡེའི་ཚྭ་མཚེའུ་ཆེན་པོའི་དབར་གནས་པ་དང་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཅིན་ནེ་དང་བར་ཐག་སྤྱི་ལེ་50ཙམ་ཡོད། མཱ་མ་ལ་ཕུའུ་ལ་མུའུ་ནི་ཕ་ལ་ཝ་རྒྱལ་རབས་ཀྱིས་དུས་རབས་བདུན་པ་དང་བརྒྱད་པར་བསྐྲུན་པའི་ལྷ་ཁང་དང་དྲན་གསོའི་རྡོ་རིང་གི་དབང་གིས་སྐད་གྲགས་ཆོད་པ་དང་ཀྲུང་གོ་དང་1700ལྷག་གི་ལོ་རྒྱུས་དང་ཚོང་དོན་འབྲེལ་བ་ཡོད།
            སའོ་མ་ཡ·ཝེ་ཏི་ཡ་ཝེ་ཧར་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་ཀྲུའུ་རེན་ས་ཏི་དབྱང་ཏེ་ལ་·ཁུའུ་མ་·ཝུའུ་ཕ་ཏེ་ཧ་དབྱི(Satyendra Kumar Upadhyay)ཡིས་《འཛམ་གླིང་སྐབས་དོན་ཚགས་པར་》གྱི་གསར་འགོད་པར་དུས་རབས་བརྒྱད་ཙམ་གྱི་དུས་ཚོད་ནང་མཱ་མ་ལ་ཕུའུ་ལ་མུའུ་ནི་ཐོག་མཐའ་བར་གསུམ་དུ་བྷང་ག་ལ་མཚོ་ཁུག་གི་ཚོང་ལས་ལྟེ་གནས་ཡིན་ལ་ཀྲུང་གོས་ཐའེ་སྨིར་ན་ཏེ་མངའ་སྡེ་ལ་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྒོ་མོ་ཞིག་ཀྱང་རེད་ཅེས་བཤད་ཡོད།
            ཁོང་གིས་“དུས་རབས་བརྒྱད་པའི་དུས་འགོར་ཀྲུང་གོའི་དབང་སྒྱུར་པ་དང་ཕ་ལ་ཝ་ཡི་རྒྱལ་པོ་ལཱ་ཅ·ཤིན་ཧན་སྐུ་ཕྲེང་གཉིས་པའམ་ན་ལ་ཤིན་ཧ་ཝ་མན་སྐུ་ཕྲེང་གཉིས་པའི་དབར་བཞག་པའི་གྲོས་མཐུན་ནི་རྒྱལ་ཁབ་གཉིས་པོའི་བར་གྱི་འཐབ་ཇུས་བདེ་འཇགས་ཀྱི་ཆིངས་ཡིག་དང་པོ་དེ་རེད”ཅེས་བཤད་འདུག
            ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པར་རྒྱ་གར་སྨྱན་སྦྱོར་གྱི་ཚད་མཐོའི་དོ་ཁུར་ཐོབ་ཡོད་པ་དང་། ཚེས་10ཉིན《རྒྱ་གར་སྐབས་དོན་ཚགས་པར》གྱིས་ད་ཐེངས་ཀྱི་དབུ་ཚོགས་ལ་ཆེད་བསྒྲིགས་དུས་དེབ་བཟོས་ཤིང་། ཚགས་པར་ཐོག་གི་ཁ་བྱང་ལ་ད་ཐེངས་ཀྱི་མཇལ་འཛོམས་ལ“ཉམས་པ་མེད་པའི་དབུ་ཚོགས”ཞེས་བརྗོད་ཡོད། ཆེད་བསྒྲིགས་དུས་དེབ་ཐོག་ད་དུང་ཅིན་ནེ་དང་མཱ་མ་ལ་ཕུའུ་ལ་མུའུ་གྲོང་རྡལ་དུ་ཕེབས་མྱོང་བའི་འགོ་ཁྲིད་པ་ཞིག་བརྗོད་ཡོད་དེ། དེ་ནི་ཙུང་ལི་ཀྲོའུ་ཨེན་ལའེ་རེད། གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་1965ལོའི་ཟླ་12པར་ཀྲོའུ་ཙུང་ལི་མཱ་མ་ལ་ཕུའུ་ལ་མུའུ་གྲོང་རྡལ་དུ་ཕེབས་ནས་རྩལ་སློབ་དགེ་རྒན་བཟོ་གྲྭ་ཧྲིལ་པོ(Integral Coach Factory)ལ་གཟིགས་སྐོར་གནང་བ་དང་། ཀྲོའུ་ཙུང་ལི་ལགས་ཀྱིས་བཟོ་གྲྭ་དེ་ནི་དེང་རབས་ཅན་གྱི་རྩལ་སློབ་བཟོ་གྲྭ་ཞིག་ཡིན་པས་ཀྲུང་གོ་བས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་རེད་ཅེས་བསྔགས་བརྗོད་གནང་ཡོད་པ་རེད།
            ཤིན་ཧྭ་གསར་འགྱུར་ཁང་གིས་2013ལོར་གནས་ཚུལ་སྤེལ་གསལ། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཙུང་ལི་4ཡིས་འགན་བཞེས་རིང་རྒྱ་གར་ལ་འཚམས་འདྲི་གནང་མྱོང་བ་སྟེ། ཀྲོའུ་ཨེན་ལའེ་དང་། ལི་ཕེང་། ཀྲུའུ་རུང་ཅི། ཝུན་ཅ་པའོ་བཅས་རེད། དེའི་ནང་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱ་གར་ལ་འཚམས་འདྲི་བྱེད་ཐེངས་མང་ཤོས་ཡིན་ཞིང་། ཁྱོན་ཐེངས་4བྱས་པ་དང་དུས་ཚོད་རིང་ཤོས་ཤིག་ནི་རྒྱ་གར་དུ་ཉིན་12བཞུགས་པ་དེ་རེད།
            ཀྲུང་གོའི་གཞུང་ཕྱོགས་ཀྱི་དཔྱད་ཡིག་ལས་མངོན་པར་གཞིགས་ན། 1956ལོའི་ཟླ་11པར་ཀྲོའུ་ཨེན་ལའེ་ཡིས་ཧོ་ལུང་གི་ཕེབས་རོགས་འོག་སླར་ཡང་ཀྲུང་གོ་སྲིད་གཞུང་གི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་རྒྱ་གར་ལ་འཚམས་འདྲི་གནང་བ་རེད། ཀྲུང་གོའི་འཐུས་མི་ཚོགས་པ་སླེབས་སར་རྒྱ་གར་གྱི་མང་ཚོགས་བརྒྱ་ལྷག་ཙམ་གྱི་དགའ་བསུ་ཐོབ་ཡོད་པ་དང་། “རྒྱ་གར་དང་ཀྲུང་གོའི་མི་དམངས་ནི་སྤུན་ཟླ་ཡིན་པའི”འབོད་ཚིག་རྒྱ་གར་གྱི་ས་གཞི་ཆེན་མོར་གྲགས་ཡོད།
            སྤྱི་ལོ་1956ལོའི་ཟླ་11པར། ཀྲོའུ་ཨེན་ལའེ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་རྒྱ་གར་ལ་སོང་ནས་ཉིན་12ལ་འཚམས་འདྲི་བྱས་པ་དང་། དེ་རྗེས་ཕ་ཁི་སི་ཐན་ལ་ཕེབས་ཏེ་ཉིན་10ལ་མཚམས་འདྲི་གནང་ཡོད་པ་རེད། ཕ་ཁི་སི་ཐན་གྱི་འགྲུལ་བཞུད་མཇུག་རྫོགས་རྗེས། ཀྲོའུ་ཨེན་ལའེ་དང་བཅས་ཡང་བསྐྱར་རྒྱ་གར་ལ་ཕེབས་ཡོད། དུས་ཡུན་ཐུང་ཐུང་དེ་འདྲ་ཞིག་གི་ནང་ཕྱིར་ལོག་དོན་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད་ཡིན་པ་དང་། སྟབས་མི་ལེགས་པ་ཞིག་ལ་བོད་ཀྱི་གནད་དོན་གྱི་རྐྱེན་པས་ཀྲུང་གོ་དང་རྒྱ་གར་གྱི་མཛའ་གྲོགས་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡུན་རིང་རྒྱུན་འཁྱོངས་ཐུབ་མེད་པ་དང་དུས་རབས་གོང་མའི་ལོ་རབས་50པའི་དུས་མཇུག་ནས་ཇེ་སྡུག་ཏུ་འགྲོ་འགོ་ཚུགས་ཡོད།
            གདོང་ཐུག་འབྱུང་བར་སྔོན་འགོག་བྱེད་ཆེད། སྤྱི་ལོ་1960ལོའི་ཟླ་4པར་ཀྲོའུ་ཨེན་ལའེ་རྒྱ་གར་དུ་མཇུག་མཐའི་འཚམས་འདྲིར་ཕེབས་པ་རེད། འཚམས་འདྲི་གནང་རིང་ཁོང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྐོང་ཚོགས་བྱས་ནས་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་དབར་དོན་དག་མི་ལེགས་པ་གང་ཡང་མེད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 《འཛམ་གླིང་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྐབས་དེ་དུས་གནས་ཚུལ་ངོ་མ་མི་ཤེས་པའི་རྒྱ་གར་དང་ནུབ་ཕྱོགས་ཀྱི་གསར་འགོད་པ་མང་པོའི་དྲི་བར། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རེ་རེ་བཞིན་ལ་དགག་པ་བརྒྱབ་ནས་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ནས་དེ་གར་ཡོད་པའི་གསར་འགོད་པ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་པ་དང་། དྲི་བ་འདྲི་མཁན་དེ་དག་ཚུད་པའི་གསར་འགོད་པ་ཚོས་ཙུང་ལི་མཆོག་གི་ལན་ལ་ཐལ་མོ་རྡེབ་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།