ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ལ་དཀའ་ངལ་འཕྲད།

སྤེལ་དུས 2019-10-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
               ཟླ་10ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབུ་བརྙེས་ནས་ལོ་74འཁོར་བའི་དྲན་གསོའི་ཉིན་མོ་བསུ་རྒྱུ་རེད། འོན་ཀྱང་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་སྒོར་དུང་ཕྱུར་ཁ་ཤས་ཀྱི་གཏོང་ཡོང་དོ་མི་མཉམ་པའི་ནོར་དོན་དཀའ་གནད་ལ་འཕྲད་བཞིན་ཡོད་པ་དང་ཟླ་འདིའི་ཟླ་མཇུག་ཏུ་གྲོན་དངུལ་ཚང་མ་རྫོགས་སྲིད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ལ་ལོ་བཅུའི་རིང་གི་ཆེས་ཚབས་ཆེ་བའི་གཏོང་ཡོང་དོ་མི་མཉམ་པའི་དཀའ་ངལ་འཕྲད་པ།
               གླ་ཕོགས་སྤྲོད་མི་ཐུབ་པའི་དཀའ་ངལ་ལ་འཕྲད་པ།
               ཟླ་འདིའི་ཚེས་8ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་193ལས་རྒྱལ་ཁབ་130ཡིས་2019ལོའི་ཚོགས་དངུལ་གཙང་འཇལ་བྱས་མོད། འོན་ཀྱང་སྔར་བཞིན་རྒྱལ་ཁབ་63གྱིས་འཇལ་ཐུབ་མེད་པ་རེད། ཚེས་8ཉིན་ཀུའུ་ཐེ་ལེ་སི་ཡིས་གལ་ཏེ་ཚོགས་མིའི་རྒྱལ་ཁབ་60ལྷག་ཙམ་གྱིས་སྔོན་རྩིས་ཚོགས་དངུལ་དང་ཁྲོམ་ཐང་ཁག་དུས་ཐོག་ཏུ་མ་སྤྲད་ཚེ་ཟླ་11པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལས་བཟོའི་གླ་ཆ་སྤྲོད་ཐབས་བྲལ་ཞེས་ཐ་ཚིག་བསྒྲགས་པ་རེད།
               ཀུའུ་ཐེ་ལེ་སི་ཡིས། ཟླ་འདིར་མཉམ་འབྲེལ་རྒྱལ་ཚོགས་ལ“ལོ་བཅུའི་ནང་ཚབས་ཆེ་ཤོས་ཀྱི་གཏོང་མང་ཡོང་ཉུང་གི་གནད་དོན”འཕྲད་རྒྱུ་རེད་ཅེས་བསྟན་ཡོད། ཁོང་གིས་དོན་དངོས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་ཟླ་1པོ་ནས་བཟུང་འགྲོ་གྲོན་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ཡོད། དེ་ལྟར་མ་བྱས་ན་འདི་ལོའི་ཟླ་9པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཡང་དུས་ཐོག་ཏུ་འཚོག་ཐུབ་ཀྱི་མེད་ཅེས་དང་། ཀུའུ་ཐེ་ལེ་སིས་འབྲེལ་ཡོད་ཁོངས་ཞུགས་རྒྱལ་ཁབ་ལ་འཕྲིན་ཡིག་སྤྲིངས་ནས་མིག་སྔའི་གནས་ཚུལ་གསལ་བཤད་བྱས་པ་མ་ཟད། ཁོང་ཚོར་དུས་ཐོག་ཏུ་སྔོན་རྩིས་ཚོགས་དངུལ་དང་ཁྲོམ་འདོན་དངུལ་ཁག་ཚང་མ་འཇལ་དགོས་པའི་སྐུལ་མ་ཡང་བྱས་པ་རེད།
               ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་འཇལ་སྤྲོད་བྱེད་མཁན་ཆེ་གྲས་གཉིས་པ་དེ་ཡིན་པ་དང་། དུས་ལྟར་ཚོགས་དངུལ་ཚང་མ་འཇལ་སྤྲོད་བྱས་ཡོད་པ་རེད།
               དོན་དངོས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོན་དངུལ་དང་སྔོན་རྩིས་ཀྱི་ཡོང་ཁུངས་གཙོ་བོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་རྒྱུན་གཏན་འཁོར་སྐྱོད་ལ་མཁོ་བའི་འགྲོ་གྲོན་གཏོང་སྤྲོད་ཐད་སྤྱོད་ཀྱི་ཡོད། ལོ་གཉིས་རེར་སྔོན་རྩིས་ཐེངས་རེ་བཟོ་བའི་ཚོགས་འདུའི་ཐོག་ཚོགས་དངུལ་ཨུ་ལྷན་གྱིས་ཁོངས་མིའི་རྒྱལ་ཁབ་ཁག་གི་མི་འབོར་དང་དེ་བཞིན་གཏོང་སྤྲོད་ནུས་པ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་འཇལ་དགོས་པའི་བསྡུར་ཚད་གཏན་འཁེལ་བྱེད་ཀྱི་ཡོད།
               ཀྲུང་གོ་ནི་ཚོགས་དངུལ་འཇལ་སྤྲོད་བྱེད་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པ་དེ་ཡིན་པའི་ངོས་ནས་འདི་ལོའི་ལོ་སྟོད་དུ་2019ལོའི་སྔོན་རྩིས་ཚོགས་དངུལ་དང་ཁྲོམ་འདོན་རྣམ་གྲངས་ཁག་ཆ་ཚང་འཇལ་སྤྲོད་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད།

               ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི“གྲོན་ཆད་དུད་ཆེན”དུ་གྱུར་པ།
               ཚོགས་དངུལ་འཇལ་མ་ཚར་བའི་ཚོགས་མིའི་རྒྱལ་ཁབ་63ནང་ཨ་རིས་ཨ་སྒོར་དུང་ཕྱུར་6.74སྤྲོད་དགོས་པ་དང་མི་དམངས་ཤོག་སྒོར་དུང་ཕྱུར་49ཙམ་ཡིན། ད་བར་དུ་འཇལ་ཐུབ་མེད་པས་གྲོན་ཆད་དུད་ཆེན་ཞིག་ཏུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་མགྲིན་ཚབ་པའི་གཞུང་དོན་ཁང་གིས་ཨ་རིས་ད་དུང་ལོ་ལྟར་གྱི་ཚོགས་དངུལ་ཆ་ཚང་བ་སྤྲད་མེད་པས་རིམ་རྩིས་བྱས་ན་ཆད་དངུལ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་10.55ཟིན་པ་དང་མི་དམངས་ཤོག་སྒོར་དུང་ཕྱུར་75ཟིན་ཡོད་པ་བསྟན་འདུག

               མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་བསྡུར་ཚད་ལ་ཨ་རི་ཡི་མི་རང་བ།
               ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་འགྲོ་གྲོན་ཕུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2018ལོ་ནས་2019ལོའི་བར་གྱི་ནོར་སྲིད་ལོ་འཁོར་གྱི་སྔོན་རྩིས་ཨ་སྒོར་དུང་ཕྱུར་54ཙམ་ཟིན་པ་དང་། མི་དམངས་ཤོག་སྒོར་དུང་ཕྱུར་384ཟིན་ཡོད། ཨ་རིས་22%ཀྱི་འགྲོ་གྲོན་གཏོང་འགན་འཁུར་ཡོད་པ་དང་ཨང་དང་པོ་ཡིན། འོན་ཀྱང་ཨ་རིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་མ་དངུལ་གནད་དོན་ཐད་རྩོད་གཞི་བྱུང་བ་མ་ཟད་དུས་ཡུན་རིང་པོར་ཚོགས་དངུལ་དུས་འགྱངས་ཆད་ལུས་བྱས་ཡོད། ཐེ་རོན་ཕུས་ཙུང་ཐུང་གི་འགན་བཞེས་པ་ནས་བཟུང་ཁོང་གིས་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་གྱི་བསྡུར་ཚད་བསྐྱར་དུ་དཔྱད་དཔོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
               ཨ་རི་སྲིད་གཞུང་གིས“ཨ་རི་སྔོན་ལ་འཇོག་པའི”རིན་ཐང་ལྟ་བ་བཟུང་ནས་རང་ཉིད་ལ་ཐད་ཀར་ཕན་པ་མེད་པའི་རྒྱལ་སྤྱིའི་འགན་འཁྲི་འཁུར་འདོད་མེད་པ་མ་ཟད། རྒྱལ་སྤྱིའི་རྩ་འཛུགས་མང་པོ་ནས་གཅིག་རྗེས་གཉིས་མཐུད་ངང་ཕྱིར་འཐེན་བྱས་ཡོད། འགན་མི་འཁུར་བའི་བྱེད་སྟངས་དེ་རིགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒོལ་གཏམ་བཏང་ཡོད་པ་རེད།

རྩོམ་སྒྲིག་པ། སངས་སྐྱབས།