ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་གཡོད་ཡུས་ཁྲེང་གིས་བརྗོད་དོན།

ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་རིན་ཐང་དང་རིམ་པ་རྒྱུན་ཆད་མེད་པར་འཕར་བཞིན་ཡོད།

སྤེལ་དུས 2019-11-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཟླ་11ཚེས་4ཉིན། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་གཡོད་ཡུས་ཁྲེང་གིས་པང་ཁོག་ཏུ་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་རིམ་སྤེལ་ཚོགས་འདུར་ཞུགས་རྗེས་ཀྲུང་ཕྱིའི་སྨྱན་སྦྱོར་ལ་བརྡ་བཏང་བ་རེད། གཡོད་ཡུས་ཁྲེང་གིས། ད་ཐེངས་ཀྱི་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་རིམ་སྤེལ་ཚོགས་འདུའི་ཐོག་གླེང་མང་ཤོས་ཀྱི་ཚིག་ནི་རིན་ཐང་དང་རིམ་པ་སྤོར་རྒྱུ་དེ་ཡིན་པ་དང་། ཕྱོགས་ཁག་གིས་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་དོན་སྤྱི་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་། རིན་ཐང་རྒྱུན་ཆད་མེད་པར་ཆེ་རུ། ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཅས་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
           གཅིག་ནས་མཉམ་ལས་ལམ་སྲོལ་གྱི་རིན་ཐང་དང་རིམ་པ་རྒྱུན་ཆད་མེད་པར་འཕར་བཞིན་ཡོད་པ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་སོགས་ཀྱི་ལམ་སྲོལ་གྱིས་དངུལ་རྩའི་ཉེན་ཁ་ཐེངས་གཉིས་ལ་གྲུབ་འབྲས་ཐོབ་པའི་ངང་ཁ་གཏད་བཅག་ནས་ས་ཁུལ་གྱི་དར་རྒྱས་གོང་འཕེལ་སྲུང་སྐྱོང་བྱས་ཡོད། 10+3ལམ་སྲོལ་ནི་དངུལ་རྩའི་ཉེན་ཁར་ཁ་གཏད་གཅོག་ཆེད་བཟོས་པ་ཞིག་ཡིན། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཀྱིས་བཟོས་པའི་འགྲན་སློང་གསར་པ་དང་འཛམ་གླིང་དཔལ་འབྱོར་ཆག་པ་ལས་བྱུང་བའི་ཉེན་ཁ་གསར་པར་ཁ་གཏད་གཅོག་སྐབས། ས་ཁུལ་དང་རྒྱལ་ཁབ་ཁག་ལ་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ལམ་སྲོལ་ནི་དེ་བས་གལ་འགངས་ཆེ་བ་དང་དེ་བས་རིན་ཐང་ལྡན་པ་ཞིག་ཡིན་པས། མཉམ་ལས་སྔར་བས་རྒྱ་ཆེར་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་ལམ་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
           གཉིས་ནས་ས་ཁོངས་དཔལ་འབྱོར་མཉམ་འདྲེས་ཀྱི་རིན་ཐང་དང་རིམ་པ་འཕར་བཞིན་ཡོད་པ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་རིམ་སྤོར《གྲོས་ཆོད་ཡི་གེར》ཕྱོགས་ཡོངས་ནས་ནུས་པ་ཐོན་པ་དང་། ཀྲུང་གོ་དང་ནེའུ་ཙི་ལན་དབར་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་གྱི་གྲོས་བསྡུར་བྱས་པ། ཀྲུང་རི་ཧན་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་བཅས་བྱུང་ཡོད།
           གསུམ་ནས་མཉམ་འབྲེལ་མཉམ་མཐུད་ཀྱི་རིན་ཐང་དང་རིམ་པ་འཕར་བཞིན་ཡོད་པ། འདི་ལོའི་10+3གྱི་འགོ་ཁྲིད་མི་སྣའི་ཚོགས་འདུའི་ཐོག《མཉམ་འབྲེལ་མཉམ་མཐུད་བསྐྱར་དུ་སྦྲེལ་མཐུད་བྱེད་པའི་གྲོས་འགོའི་གསལ་བསྒྲགས》བཏོན་ཡོད། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ《“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང〈2025ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་འབྲེལ་མཉམ་མཐུད་ཀྱི་སྤྱིའི་འཆར་འགོད〉སྦྲེལ་མཐུད་མཉམ་ལས་བྱ་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》བཏོན་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་སྤྱི་ཡོངས་སྦྲེལ་མཐུད་བྱུང་ཡོད། ཀྲུང་གོ་ནས་ཐེ་ལན་བར་གྱི་ལྕགས་ལམ་དང་། ཀྲུང་གོ་ནས་ལོ་སི་བར་གྱི་ལྕགས་ལམ། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་ལ་སྐུལ་འདེད་བདེ་བླག་བཏང་བས་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་འབྲེལ་མཉམ་མཐུད་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད།
           བཞི་ནི་གསར་གཏོད་མཉམ་ལས་ཀྱི་རིན་ཐང་དང་རིམ་པ་འཕར་བཞིན་ཡོད་པ། སང་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་ཀྱི་ལོ་ཡིན་པ་དང་ཕྱོགས་གཉིས་པོས་གྲངས་གཞི་ཆེ་མོ་དང་། མི་ཐབས་རིག་ནུས། དྲ་ཐོག་ཚོང་དོན། རིག་ལྡན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་རེད། དེས་མ་ཚད་རྒྱ་མཚོའི་དཔལ་འབྱོར་གྱི་རོགས་ཟླའི་འབྲེལ་བ་ཧུར་ཐག་བཙུགས་ནས་རྒྱ་མཚོའི་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
           ལྔ་ནི་མི་ཆོས་རིག་གནས་སྤེལ་རེས་ཀྱི་རིན་ཐང་དང་རིམ་པ་འཕར་བཞིན་ཡོད་པ། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་201དང་མཛའ་གྲོགས་གྲོང་ཁྱེར་གྱི་ཆ་སྒྲིག་བྱས་པ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་མ་ཁྲི་10ཙམ་ཀྲུང་གོར་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཉིས་ནི་ཕན་ཚུན་ཡུལ་སྐོར་གྱི་དམིགས་ས་གཙོ་བོ་དེ་ཡིན་པས་གཟའ་འཁོར་རེར་དུས་གཏན་གནམ་གྲུ་ཐེངས་4500ཙམ་འགྲོ་འོང་བྱེད་པའི་ཐོག་ན་ནིང་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་ཁྲི་5700ཙམ་ཟིན་ཡོད། ད་ཐེངས་ཚོགས་འདུའི་གཙོ་གཉེར་རྒྱལ་ཁབ་ཡིན་པའི་ཐེ་ལན་ནི་ཀྲུང་གོའི་ཡུལ་སྐོར་བ་བསྐྱོད་མང་ཤོས་ཀྱི་ཡུལ་སྐོར་དམིགས་སའི་གྲས་ཤིག་རེད།
           དྲུག་ནི《ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》གྱི་རིན་ཐང་དང་རིམ་པ་འཕར་བཞིན་ཡོད་པ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས“ལྷོ་མཚོའི་བྱ་སྤྱོད་བསྒྲགས་གཏམ་གྱི་ཚད་འཛིན”སྔོན་ཚུད་ནས་གྲོས་བསྡུར་བྱས་ཏེ་ད་ཆ་གྲོས་བསྡུར་བྱེད་ཐེངས་གཉིས་པར་སླེབས་ཡོད། ཕྱིས་སུ“ལོ་གསུམ་གྱི་རེ་འདུན”གཞིར་བཟུང་། 2021ལོའམ་ཡང་ན་དེའི་གོང་དུ“ཚད་འཛིན”ལག་བསྟར་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད། “ཚད་འཛིན”དེ་ནི《ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》རིམ་སྤོར་བྱས་པ་ཞིག་ཡིན་པ་དེ《བསྒྲགས་གཏམ》ལས་དེ་བས་ནུས་ལྡན་དང་དེ་བས་ཟབ་པའི་ནང་དོན་ལྡན་ཁར། ཟུར་སྣོན་རིན་ཐང་དེ་བས་མང་པོ་མངོན་རྒྱུ་ཡིན་པས་ལྷོ་མཚོའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།