ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་བརྗོད་དོན།

ཀྲུང་གོ་ཕྱོགས་ཀྱིས་ཁས་ལེན་དམ་བཅའ་ལག་བསྟར་བྱེད་པའི་ཐད་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན།

སྤེལ་དུས 2019-11-06 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་དམ་བཅའ་བཞག་པའི་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་གང་བཤད་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བ་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཡོངས་དང་ནུས་ལྡན་སྒོ་ནས་ཁས་བླངས་པའི་དམ་བཅའ་ཁག་ལག་བསྟར་བྱེད་སྲིད་ཅེས་བརྗོད་པ་རེད། དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཀྲུང་གོར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་འཐུས་མི་ཚོགས་པས་ཚེས་1ཉིན་གསལ་བསྒྲགས་སྤེལ་ནས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་གྱི་ཁེ་ལས་ལ་ཚོང་ལས་གོ་སྐབས་གསར་པ་བསྐྲུན་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་དང་། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་དམ་བཅའ་བཞག་པའི་སྐོར་ལ་དགའ་བསུ་ཞུ་རྒྱུ་ཡིན་མོད། འོན་ཀྱང་དམ་བཅའ་སྒྲུབ་དཀའ་བའི་ཉེན་ཁ་ཡོད་ཅེས་བཤད་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།
           ཀེང་ཧྲོང་གིས། ཀྲུང་གོར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་འཐུས་མི་ཚོགས་པའི་འབྲེལ་ཡོད་གསལ་བསྒྲགས་ལ་དོ་སྣང་བྱུང་ལ། གསལ་བསྒྲགས་ནང་ན་ནིང་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་པའི་ཡོ་རོབ་མནའ་འབྲེལ་གྱི་ཁེ་ལས་ཀྱིས་འགྲེམས་སྟོན་ནང་ཞུགས་པ་དེས་ཁོང་ཚོའི་ཕྱིར་ཚོང་དངུལ་འབོར་མང་དུ་ཕྱིན་པའམ་ཡང་ན་འཛད་སྤྱོད་པ་གསར་པ་རྙེད་བྱུང་ཞེས་ཡོངས་ཁྱབ་ངང་བཤད་པ་འཁོད་པར་ཡང་དོ་སྣང་བྱུང་བས་དེ་ནི་མི་སེམས་འགུལ་བའི་གནས་ཚུལ་ཞིག་རེད་ཅེས་བརྗོད།
           ཀེང་ཧྲོང་གིས། སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་རིང་འགྲེམས་སྟོན་ནང་ཞུགས་པའི་ཡོ་རོབ་རྒྱལ་ཁབ་ཀྱི་སྤྲོ་སེམས་སྔར་བས་ཆེན་པོ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཡོ་རོབ་ཀྱི་རྒྱལ་ཁབ་17སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་རྒྱལ་ཁབ་ཀྱི་འགྲེམས་སྟོན་ནང་ཞུགས་རྒྱུ་དང་ཧྥ་རན་སེ་དང་། དབྱི་ཐ་ལི། ཅེ་ཁེ། ཀེ་རི་སེ་བཅས་ཚང་མ་ནི་འདི་ལོའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པ་དང་འཇར་མན་དང་། དབྱི་ཐ་ལི། ཧྥ་རན་སེ། དབྱིན་ཇི། སུའེ་ཙེར་བཅས་ཀྱི་འགྲེམས་ཞུགས་ཁེ་ལས་ཀྱི་འགྲེམས་སྟོན་རྒྱ་ཁྱོན་ཨང་དང་པོ་ནས་བཅུ་པའི་ནང་ཚུད་ཡོད། “འགྲེམས་ཞུགས་རྒྱལ་ཁབ་དང་ཁེ་ལས་དེ་དག་སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་སྤྲོ་སེམས་ཆེན་པོས་ཞུགས་པ་དང་བློ་ཡིད་ཚིམ་པོས་ལོག་ཐུབ་པའི་ཡིད་ཆེས་ང་ཚོར་ཡོད”ཅེས་བརྗོད་པ་རེད།
           ཀེང་ཧྲོང་གིས“ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་དམ་བཅའ་བཞག་པའི་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་གང་བཤད་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བ་བྱེད་པ་དང་། ང་ཚོས་ཕྱོགས་ཡོངས་དང་ནུས་ལྡན་སྒོ་ནས་ཁས་བླངས་པའི་དམ་བཅའ་ཁག་ལག་བསྟར་བྱེད་སྲིད”ཅེས་བརྗོད་ཡོད། དམ་བཅའ་ལག་བསྟར་བྱ་རྒྱུ་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱི་རྒྱལ་གྱི་ཁེ་ལས་ལ་འགན་ཁུར་བའི་རྣམ་འགྱུར་ཞིག་ཡིན་ལ། ངེད་ཚོ་རང་ངོས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བ་བཅས་ཀྱི་ནང་གནས་དགོས་མཁོའང་རེད། ནང་འདྲེན་དངོས་མང་སྟོན་ཚོགས་སླར་ཡང་གཉེར་བ་དེ་ཐོག་ནས་ཀྲུང་གོས་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་དབྱེ་བའི་བྱེད་ཐབས་གལ་ཆེན་དེ་ནི་གནས་སྐབས་ཀྱི་ཐབས་ཇུས་ཙམ་མིན་པར་འཛམ་གླིང་ལ་ཁ་ཕྱོགས་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕུགས་ཀྱི་ཇུས་གཞི་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།
           ཀེང་ཧྲོང་གིས“ཀྲུང་གོ་ཕྱོགས་ཀྱིས་ཁས་ལེན་དམ་བཅའ་ལག་བསྟར་བྱེད་པའི་ཐད་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་པས་སྒྲུབ་དཀའ་བའི་གནད་དོན་ལྷག་མི་སྲིད་སྟབས་ཡོ་རོབ་ཕྱོགས་ཐུགས་བློ་བདེ་པོ་གནང་རོགས”ཞེས་བརྗོད་པ་རེད།
           ཁོང་གིས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་དཔལ་འབྱོར་གྱི་སྒྲིག་གཞི་ཆེན་པོ་གཉིས་དང་བརྟན་ལྷིང་གི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་པས་ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་སྲུང་སྐྱོང་བྱེད་པ་དང་། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་ཡོད། རེ་བར་ཡོ་རོབ་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་སྙིང་སྟོབས་ལ་བརྟེན་ནས་སྒོ་དབྱེ་བསྟུན་མཁས་རྒྱུན་འཁྱོངས་བྱེད་པ་དང་མཉམ་ལས་རྒྱུན་མཐུད་ངང་རྒྱ་ཆེར་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་མི་དམངས་ལ་ཟམ་མི་ཆད་པར་ཕན་བདེ་བསྐྲུན་དགོས་ལ། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་དགོས་ཞེས་བརྗོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།