ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

སྒོ་དབྱེ་དང་གསར་གཏོད་ལས་བྱུང་བའི་གོ་སྐབས།

སྤེལ་དུས 2019-11-12 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
—— ཕྱི་རྒྱལ་གྱི་ཚོང་པའི་མིག་ནང་གི་ནང་འདྲེན་དངོས་མང་སྟོན་ཚོགས།
              ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་འགོ་ཚུགས་ལ་ཉེ་ཞིང་། ཕྱི་རྒྱལ་གྱི་ཚོང་པ་རྣམས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་ཚོས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྒོ་དབྱེའི་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ཁྱད་ཆོས་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོའི་ཁྲོམ་ར་མགྱོགས་མྱུར་སྔོག་འདོན་དང་ཁེ་ལས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།
              ཧྥ་རན་སེའི་མཛེས་བཟོའི་བྱུག་རྫས་ཁེ་ལས་ཨོའུ་ལའེ་ཡ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་རང-པའོ་ལུའོ·ཨན་ཀུང་གིས། རྒྱལ་སྒྲོལ་ཁེ་ལས་ཀྱིས་སྒོ་དབྱེའི་ཀྲུང་གོའི་ཁྲོམ་རར་ཞུགས་འདོད་ཆེན་པོ་བྱེད་ཀྱི་ཡོད། “འདི་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པ་དང་། ཞི་བདེར་ཕན་པ། རྒྱལ་སྤྱིའི་འབྲེལ་བར་ཕན་པ་བཅས་ཡིན་ཁར། ཨོའུ་ལའེ་ཡ་ཚོགས་པས་ལེགས་སྐྱེས་ཕུལ་ཏེ་ཞུགས་མཁན་གཙོ་བོར་འགྱུར་རེ་བྱེད་ཀྱི་ཡོད”ཅེས་བརྗོད།
              དེ་དང་འདྲ་བར་ཧྥ་རན་སེ་ནས་ཡོང་བའི་ལེ་སི་ཧྥུ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་ཨན་ཐུའོ་ཝན·པོ་ལེས། ཀྲུང་གོ་ནི་འཚར་ལོངས་ཡོང་བཞིན་པའི་ཁྲོམ་ར་ཞིག་ཡིན་ལ་གསོན་ཤུགས་དང་འགྲན་རྩོད་ནུས་པ་ཡོད་པས། ཁོང་གིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྒོ་དབྱེ་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ཁྱད་ཆོས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
              ཨོ་སི་ཁྲུ་ལི་ཡའི་འཕྲོད་སྦྱོར་ཐོན་རྫས་ཀུང་སིའི་ཧོ་མན་ཐེ་སྨན་ལས་ཚོགས་པའི་ཙུང་ཚའེ་ཡེ་པེ་ལིན་གྱིས། མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ཉམས་པའི་ཁོར་ཡུག་ཆེན་པོའི་ནང་ཀྲུང་གོས་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་ལས་གོ་ལ་ཧྲིལ་པོའི་ཚོང་དོན་དང་དཔལ་འབྱོར་འཕར་ཆེད་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ངེས་རེད། ཀྲུང་གོས་མུ་མཐུད་གསར་གཏོད་དང་ཁྲོམ་ར་སྒོ་དབྱེ་བྱས་པ་ལས་ཀྲུང་གོའི་ཁྲོམ་ར་སྔོག་འདོན་གྱི་ཧོ་མན་ཐེ་ཚོགས་པའི་གོམ་སྟབས་མགྱོགས་སུ་བཏང་ཡོད་ཅེས་བཤད།
              ཟླ་གཅིག་གི་གོང་། རྒྱལ་སྤྱིའི་གྲགས་ཅན་གྱི་རྒྱས་སྤྲོས་དངོས་རྫས་ཁེ་ལས་ལུའུ་ཝེ་མིང་ཞོན་ཚོགས་པའི་མངའ་འོག་གི་ཅའོ་ལན་སྤུས་རྟགས་ཀྱིས་ཀྲུང་གོའི་ནང་སའི་འཛད་སྤྱོད་པར་ཆུ་དྲི་ཞིམ་བཟོ་བའི་ཞབས་འདེགས་དངོས་སུ་ཞུ་འགོ་བརྩམས་ཡོད། “སྲིད་གཞུང་གི་གསར་གཏོད་ལྟ་འདོམས་ལས་ང་ཚོས་གསར་གཏོད་ཞབས་ཞུ་དེ་ཀྲུང་གོའི་ནང་སར་སྤེལ་ཐུབ་ཡོད”ཅེས་ལུའུ་ཝེ་མིང་ཞོན་ཆུ་དྲི་ཞིམ་དང་བྱུག་རྫས(ཧྲང་ཧའེ)ཚད་ཡོད་ཀུང་སིའི་ཁྲིམས་སྲོལ་ལས་དོན་པུའི་སྤྱི་ཁྱབ་ལྟ་སྐུལ་པ་ལིའུ་ཆིང་གིས་བཤད།
              ཕྱི་རྒྱལ་གྱི་ཁེ་ལས་སྔར་བས་མང་བར་ཆ་མཚོན་ན།“ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་པ་དེ་ཀྲུང་གོའི་ཁྲོམ་རར་འཛུལ་བའི‘ཐོགས་མེད་བགྲོད་ལམ’ཐོག་བསྐྱོད་པ་མཚོན་གྱི་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་སུ་འགྲེམས་སྟོན་དང་ཁྱབ་གདལ་བཏང་བ་ལས་སྤུས་ལེགས་དང་ཁྱད་ལྡན་ཐོན་ཟོག་མི་ཉུང་བར་དོ་ཁུར་སྔར་བས་མང་བ་ཐོབ་ནས་དེ་བས་མགྱོགས་པའི་ངང་འཛད་སྤྱོད་པའི་སར་སླེབས་ཐུབ”ཅེས་ཁེ་ལའེ་སི་ཐེ་ཁྲེ་ཆིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཝང་ཀྲི་ཅན་གྱིས་ཉེ་ཆར་ཁེ་ལའེ་སི་ཐེ་ཁྲེ་ཆིར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
རྩོམ་སྒྲིག་པ། སངས་སྐྱབས།