ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

པོ་ལི་ཝེ་ཡའི་ཙུང་ཐུང་མའོ་ལ་ལའེ་སི་སྲིད་སྟེགས་ནས་མར་མི་འབབ་ཐབས་མེད་བྱུང་བའི་རྒྱུ་མཚན་གང་ཡིན་ནམ།

སྤེལ་དུས 2019-11-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཙུང་ཐུང་འདེམས་བསྐོ་བྱེད་སྐབས་སྒྲིག་འགལ་བྱ་སྤྱོད་ཐོན་པའི་རྐྱེན་གྱིས། པའོ་ལི་ཝེ་ཡའི་ཙུང་ཐུང་མོ་ལ་ལའེ་སིར་ཕྱོགས་ཁག་གི་གནོན་ཤུགས་སྤྲད་པའི་འོག་སྤྱི་ཚེས་10ཉིན་ལས་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། མོ་ལ་ལའེ་སི་ཡིས་པོ་ལི་ཝེ་ཡའི་དབུས་རྒྱུད་ཁོའོ་ཆ་པན་པ་མངའ་སྡེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་ཐག་གཅོད་དེ་ཁྱབ་བསྒྲགས་བྱས་ཡོད།
             ཁོང་གིས། ང་ཚོས་རྒྱལ་ནང་དུ་འགོག་རྒོལ་མི་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ལས་གནས་དགོངས་ཞུ་བྱེད་དོན་ནི་པོ་ལི་ཝེ་ཡའི་ཞི་བདེ་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སླར་གསོ་བྱ་ཆེད་ཡིན་ཞེས་བཤད་ཡོད། ཁོང་གིས། ཁོང་པོ་ལི་ཝེ་ཡ་ནས་ཁ་བྲལ་མི་སྲིད་པ་དང་། མུ་མཐུད་དུ་མི་དམངས་དང་མཉམ་དུ་རང་དབང་གི་ཆེད་དུ་འཐབ་འཛིང་བྱ་རྒྱུ་ཡིན་ཞེས་བསྟན་འདུག
             སྤྱི་ཟླ་10ཚེས་20ཉིན། པོ་ལི་ཝེ་ཡས་ཙུང་ཐུང་དང་གྲོས་ཚོགས་ཁང་གི་འདེམས་བསྐོ་བྱས་པ་རེད། གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕངས་འབྲས་ལས་གསལ་བར། མོ་ལ་ལའེ་སིར་འདེམས་ཤོག་ཐོབ་ཚད་འགྲན་ཡ་ལས་བརྒྱ་ཆའི་གྲངས་10བརྒལ་ནས། རེས་སྐོར་དང་པོའི་འདེམས་བསྐོའི་ནང་ཐད་ཀར་རྒྱལ་ཁ་ཐོབ་རྒྱུ་རེད། འོན་ཀྱང་ངོ་རྒོལ་ཤོག་ཁག་གིས་མོ་ལཱ་ལའེ་སིའི་འཐབ་ཕྱོགས་ཀྱིས་འདེམས་བསྐོའི་ནང་གཡོ་སྒྱུ་འཁྲབ་པ་སྐྱོན་འཛུགས་བྱས་ནས་འདེམ་བསྐོའི་མཇུག་འབྲས་ཁས་མ་བླངས་བ་རེད། དེའི་དབང་གིས་འཐབ་ཕྱོགས་གཉིས་པོའི་རྒྱབ་སྐྱོར་པའི་བར་གདོང་ཐུག་ཚབས་ཆེན་ཤོར་ཡོད། གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། རྒྱུན་མཐུད་ཉིན་ཉི་ཤུའི་གདོང་ཐུག་ཁྲོད་མི་3རྐྱེན་ལམ་དུ་ཤོར་བ་དང་མི་380ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
             ཆབ་སྲིད་ཀྱི་རྩོད་རྙོག་ཞོད་འཇགས་སུ་གཏོང་ཆེད། མོ་ལ་ལའེ་སིས་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་འདེམས་ཤོག་ལ་ཞིབ་བཤེར་བྱ་རྒྱུའི་གདན་ཞུ་བྱས་པ་རེད། སྤྱི་ཚེས་10ཉིན་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། ཉེ་ཆར་པོ་ལི་ཝེ་ཡས་གཉེར་བའི་འདེམས་བསྐོ་ཆེན་པོའི་ནང་མིང་རྫུན་མ་བཀོད་པ་སོགས་རྫུན་བཟོའི་བྱ་སྤྱོད་ཐོན་ཡོད་པས། ད་ཐེངས་ཀྱི་འདེམས་བསྐོའི་མཇུག་འབྲས་རྩིད་མེད་བཏང་ནས་འདེམས་བསྐོ་བསྐྱར་དུ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་ཅེས་འཁོད་ཡོད།
             མོ་ལཱ་ལའེ་སིས་འཕྲལ་དུ་ཆེས་མཐོའི་འདེམས་བསྐོའི་ཁྲིམས་ཁང་གི་ཁོངས་མི་ཚང་མ་བརྗེ་རྒྱུ་དང་འབྲེལ་འདེམས་བསྐོ་ཆེན་མོ་བསྐྱར་དུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། འོན་ཀྱང་ངོ་རྒོལ་ཏང་གིས་ཁོང་ནས་ལམ་སེང་ལས་གནས་ནས་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན་ཡོད། དེ་རྗེས་པོ་ལི་ཝེ་ཡའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་དང་ཉེན་རྟོག་སྤྱི་ཁྱབ་དམག་སྤྱི་ཁག་སོ་སོས་གསལ་བསྒྲགས་སྤེལ་ཏེ། རྒྱལ་ཁབ་བདེ་འཇགས་དང་བརྟན་ལྷིང་ཡོང་ཆེད་མོ་ལཱ་ལའེ་སིས་ལས་གནས་དགོངས་ཞུ་བྱ་རྒྱུའི་བླང་བྱ་བཏོན་ཡོད། མིག་སྔར་འདེམས་བསྐོ་ཆེན་མོ་བསྐྱར་དུ་སྤེལ་བའི་སྐོར་གྱི་ཆ་འཕྲིན་སྤེལ་མེད།
             མོ་ལ་ལའེ་སིས་ལས་གནས་དགོངས་ཞུ་བྱ་རྒྱུ་ཁྱབ་བསྒྲགས་བྱས་རྗེས། པོ་ལི་ཝེ་ཡའི་ཙུང་ཐུང་གཞོན་པ་ཅ་ཤིས་ཡ་དང་། གྲོས་ཚོགས་སྟོད་པའི་གྲོས་དཔོན་སར་ཝུའེ་ཨའེ་ལ་ཡིས་སྔ་རྗེས་སུ་ལས་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སྤྱི་ཚེས་10ཉིན་གྱི་དུས་ཚོད་སྔ་པོ་ཞིག་ནས་རྒྱལ་ཁབ་དེའི་གྲོས་ཚོགས་སྨད་པའི་གྲོས་དཔོན་པོའར་ཟླ་ཡང་ལས་གནས་ནས་དགོངས་ཞུ་བྱས་ཡོད།
             མོ་ལཱ་ལའེ་སི་ནི་མིག་སྔར་ཨ་མེ་རི་ཁ་གླིང་ལྷོ་མའི་འགན་བཞེས་དུས་ཡུན་རིང་ཤོས་ཀྱི་གཡོན་ཤོག་གི་འགོ་ཁྲིད་པ་ཞིག་རེད། 2005ལོར་ཁོང་པོ་ལི་ཝེ་ཡ་རང་བཙན་རྗེས་ཀྱི་དབྱིན་ཏི་ཨན་བའི་ཙུང་ཐུང་ཨང་དང་པོར་གྱུར་བ་དང་། 2009ལོ་དང་2014ལོའི་ཙུང་ཐུང་འདེམས་བསྐོའི་ཁྲོད་འགན་བཞེས་བསྟུད་མར་ཐུབ་ཅིང་། འགན་ཡུན་2020ལོའི་ཟླ་དང་པོའི་བར་ཡིན་པ་རེད།
             དོན་དངོས་ཐོག་མོ་ལ་ལའེ་སིས་ལས་གནས་ནས་དགོངས་ཞུ་བྱས་པ་དེས་པོ་ལི་ཝེ་ཡའི་རྒྱལ་སའི་ཟིང་ཆ་ཞོད་འཇགས་སུ་བཏང་ཐུབ་མེད། ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་པའོ་ལི་ཝེ་ཡའི་རྒྱལ་ས་ལ་པ་སིའི་ས་གནས་དེ་གའི་སྨྱན་སྦྱོར་ཁང་《Razon》གིས་སྤེལ་བའི་གནས་ཚུལ་ལུང་དུ་དྲངས་ཏེ། ཙུང་ཐུང་མོ་ལ་ལའེ་སིས་ཚེས་10ཉིན་ལས་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་རྗེས། རྒྱལ་ས་ལ་པ་སིར་མུ་མཐུད་ཟིང་ཆ་དང་དེ་བཞིན་དཔོན་རིགས་ཀྱི་ཁང་པར་དམིགས་པའི་མེ་རྒྱག་པ་དང་འཇབ་རྒོལ་བྱས་པའི་གནས་ཚུལ་ཐོན་པ་བསྟན་ཡོད།
             གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་སྤྱོད་རླངས་འཁོར་15མེར་བསྲེགས་པ་རེད། མོ་ལ་ལའེ་སིའི་ཁོ་ཆ་པན་པར་གནས་པའི་ཁང་པ་དང་དེ་བཞིན་ཙུང་ཐུང་ལས་ཤག་གི་པུའུ་ཀྲང་གི་ཁང་པར་གཏོར་སྐྱོན་ཕོག་ཡོད་པ་རེད། ལ་པ་སི་ཉེ་འགྲམ་གྱི་ཨེ་ཨར་ཨར་ཐོ་གྲོང་ཁྱེར་གྱི་ཁེ་ལས་ཤིག་ལ་མེ་བརྒྱབ་པ་མ་ཟད་འཕྲོག་བཅོམ་ཤོར་ཡོད།
             མོ་ལ་ལའེ་སིས་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་ཐོག་པོ་ལི་ཝེ་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཁོང་ལ་ཁྲིམས་འགལ་གྱི་འཛིན་བཟུང་བཀའ་རྒྱ་བཏང་བ་དང་འབྲེལ་གཏུམ་སྤྱོད་ཅན་གྱིས་ཁོང་གི་སྡོད་གནས་ལ་ཚུར་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། སྲིད་འགྱུར་སློང་མཁན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏོར་བརླག་གཏོང་བཞིན་པ་སྐྱོན་འཛུགས་བྱས་ཡོད།
             འོན་ཀྱང་པོ་ལི་ཝེ་ཡའི་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ཡིའུ་ལི•ཁར་ཏེ་ལུང་གིས་མོ་ལཱ་ལའེ་སིར་འཛིན་བཟུང་བཀའ་རྒྱ་བཏང་མེད་ཅེས་བསྟན་འདུག མིག་སྔར་པོ་ལི་ཝེ་ཡའི་ཉེན་རྟོག་ཕྱོགས་ཀྱིས་པོ་ལི་ཝེ་ཡའི་རྒྱལ་ཁབ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་རྒན་གཞོན་གཉིས་ཀ་འཛིན་བཟུང་བྱས་ཡོད།
             མོ་ལ་ལའེ་སིས་ལས་གནས་དགོངས་ཞུ་བྱས་རྗེས། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་(NicolasMado)ཡིས་ཐུའེ་ཐེ་ཐོག ཁོང་ནས་མོ་ལ་ལའེ་སིར་དམིགས་པའི་སྲིད་འགྱུར་ལ་ “རྒོལ་གཏམ་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་”ཞེས་བཤད་ཡོད་པ་རེད།
             ཁུ་པའི་ཙུང་ཐུང་ཏི་ཡ་སི-ཁ་ནེར་(MiguelDiaz-Canel)དང་། ཨ་ཀེན་ཐིན་གྱི་གསར་དུ་བསྐོས་པའི་ཙུང་ཐུང་ཧྥེ་ཨར་ནན་ཏེ་སིས་ཀྱང་དེ་སྲིད་འགྱུར་སློང་བ་ཡིན་པ་བསྟན་འདུག
             མོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཀྲང་མཱ་སའེ་ལུའོ•ཨའེ་པུ་ལྷ་སྡེས། གལ་སྲིད་མོ་ལཱ་ལའེ་སིར་དགོས་གལ་ཡོད་ན། མོ་ཞི་ཁོ་ཡིས་ཁོང་ལ་འགེབས་སྲུང་བྱ་འདོད་ཡོད་ཅེས་བཤད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།