“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“ངས་ཀྲུང་གོར་རྒྱུས་ལོན་བྱེད་པར་སློབ་གསོ་ནི་འབྲེལ་ཟམ་ཞིག་རང་རེད”

ཨ་རིའི་དགེ་རྒན་ཞིག་དང་ཀྲུང་གོའི་ལས་འཕྲོའི་སྐོར་བཀོད་པ།

སྤེལ་དུས 2019-12-09 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཨ་རིའི་ཧྥུའུ་ཅི་ཉི་ཡ་ཀྲོའུ་ནས་ཡིན་པའི་དབྱི་ས་ནི་ཀྲུང་གོའི་ཕྲུ་གུ་གཉིས་ཀྱི་ཨ་རིའི་སྐྱེད་མ་ཞིག་རེད་ལ། ཀྲུང་གོའི་ཕྲུ་གུ་མང་པོ་ཞིག་གི་དབྱིན་ཡིག་དགེ་རྒན་ཡང་རེད། བརྙན་ལམ་འབྲེལ་མཐུད་བྱུང་རྗེས་ཨ་རིར་ཡོད་པའི་དབྱི་ས་ཡིས་ཐག་རིང་ཀྲུང་གོར་ཡོད་པའི་སློབ་མ་ཚོར་དབྱིན་ཡིག་སློབ་ཚན་ཁྲིད། ཁོང་གིས་གསར་འགོད་པར། སློབ་གསོ་ནི་རིག་གནས་ཀྱི་འབྲེལ་ཟམ་དང་འདྲ་བར་ཁོང་དང་ནང་མི་ཚོས་ཀྲུང་གོར་རྒྱུས་ལོན་ཡོང་བར་ཁྲིད་སྟོན་དང་། ཨ་རི་དང་ཀྲུང་གོའི་དམངས་ཚོགས་དབར་ཕན་ཚུན་བརྩི་འཇོག་དང་། བསམ་ཤེས། ཡིད་ཆེས་བཅས་ཀྱི་འབྲེལ་བ་འཛུགས་པར་རོགས་རམ་བྱེད་བཞིན་ཡོད་ཅེས་བརྗོད།
          དབྱི་ས་དང་ཀྲུང་གོའི་ལས་འཕྲོ་དེ་2016ལོའི་ཟླ་9པ་ནས་གླེང་དགོས་ཏེ། སྐབས་དེ་དུས་ཁོང་དང་བཟའ་ཟླ་ཀྲུང་གོར་ཡོང་སྟེ་ཀྲུང་གོའི་བུ་ཞིག་གསོས། 2018ལོའི་ཟླ་1པོའི་ཟླ་མཇུག་ཏུ་སློབ་གསོར་དགའ་ཞེན་དང་ཁྱིམ་ཚང་གི་དཔལ་འབྱོར་གྱི་དགོས་མཁོའི་དབང་གིས་དྲ་ཐོག་དབྱིན་ཡིག་སློབ་གསོའི་ལས་སྟེགས་ཤིག་ལ་ཞུགས། སློབ་ཚན་འཁྲིད་པ་དང་སྤེལ་རེས་བྱས་པ་བརྒྱུད་ཀྲུང་གོའི་རིག་གནས་ཀྱིས་དབྱི་སའི་ཡིད་དབང་རྦད་དེ་འཕྲོག་སྟེ་ན་ནིང་སླར་ཡང་ཀྲུང་གོའི་བུ་མོ་ཞིག་གསོས།
          ཁྱིམ་འཛིན་མ་ཞིག་ཡིན་པའི་དབྱི་ས་ཡིས་ནང་མིར་ལྟ་རྟོག་བྱེད་པའི་ཞོར་ལ་གཟའ་འཁོར་མི་རེ་ངོ་རེར་ཁོམ་པ་སྤྱད་དེ་ལོ་བཅུ་གྲངས་ལ་སླེབས་པའི་ཀྲུང་གོའི་གཞོན་ནུ་ལོ་ཆུང་ལ་དབྱིན་ཡིག་སློབ་ཐུན་15ནས་30བར་འཁྲིད་ཀྱི་ཡོད། དུས་ཁྱད་དབང་གིས་སྐབས་རེ་ཁོང་ཞོགས་པའི་ཆུ་ཚོད་5པ་ནས་ལངས་ཏེ་སློབ་ཚན་འཁྲིད་དགོས་ཀྱི་ཡོད། བཅར་འདྲི་དང་ལེན་བྱེད་སྐབས་ཞོགས་པའི་སློབ་ཚན་འཁྲིད་ཚར་བའི་དབྱི་ས་ཡི་ངོ་གདོང་ལས་དཀའ་ལས་ཁག་པའི་རྣམ་འགྱུར་མཐོང་རྒྱུ་མི་འདུག ཁོང་གིས་ད་ཆ་ལས་ཀ་དེ་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་འདུག་ཅེས་བརྗོད།
          འདས་པའི་ལོ་གཉིས་རིང་། སློབ་ཚན་འཁྲིད་པའི་དུས་ཚོད་ཕུད་སློབ་ཕྱིའི་དུས་ཚོད་ལའང་དབྱི་ས་དང་སློབ་མ་ཚོའི་དབར་མཛའ་བཤེས་ཟབ་མོ་ཆགས་ཡོད།
          “ངས་སློབ་མ་ཚོ་དང་ད་དུང་ཁོང་ཚོའི་ཁྱིམ་བདག་དང་སྐད་འཕྲིན་ཐོག་ནས་སྤེལ་རེས་བྱེད་ཀྱི་ཡོད། ཁོང་ཚོས་དགུང་གསེང་དང་དུས་ཆེན་ལ་རྟེན་འབྲེལ་ཞུ་སྐབས་ཀྱི་པར་དང་བརྙན་ལམ་ང་ལ་བསྐུར་ཏེ་ཀྲུང་གོའི་ཁྱིམ་ཚང་གི་དངོས་ཡོད་འཚོ་བ་དང་ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་ཡོང་བར་རོགས་པ་བྱེད་ཀྱི་ཡོད”ཅེས་དབྱི་ས་ཡིས་བརྗོད་པ་དང་ཁོང་གིས“དེ་ནི་ལས་ཀ་ཞིག་མ་ཡིན་པར་དྲ་རྒྱའི་ཐོག་ནས་ཀྲུང་གོར་ཡུལ་སྐོར་ལ་འགྲོ་བ་དང་འདྲ་པོ་འདུག་པས། དཔེ་མི་སྲིད་པའི་ཡག་པོ་འདུག”ཅེས་བརྗོད།
          2018ལོར་དབྱི་ས་ཀྲུང་གོའི་ནན་ཅིང་དུ་སློབ་མ་གཉིས་ལ་ལྟ་བར་སླེབས་པ་དང་དེ་རྗེས་ཅང་ཤིས་སུ་ཀྲུང་གོའི་ཕྲུ་གུ་གཉིས་པ་གསོ་ཉར་གྱི་འགྲོ་ལུགས་གཉེར་བར་བསྐྱོད། སྐབས་འདིའི་ཀྲུང་གོའི་འགྲུལ་བཞུད་ལས་དབྱི་ས་ཡིས་རང་ཉིད་དང་ཀྲུང་གོའི་དབར་ལས་འཕྲོ་ཟབ་མོ་ལྡན་པའི་ངེས་ཤེས་རྙེད།
          ཀྲུང་གོའི་དྲ་ཐོག་དབྱིན་ཡིག་སློབ་གསོའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་དང་སྦྲགས། དབྱི་ས་དང་འདྲ་བར་དྲ་ཐོག་དབྱིན་ཡིག་སློབ་ཚན་འཁྲིད་མཁན་གྱི་ཨ་རིའི་དགེ་རྒན་རིམ་བཞིན་མང་དུ་ཕྱིན། གྲངས་གཞི་ལས་མངོན་པར། ན་ནིང་ཀྲུང་གོར་དྲ་ཐོག་གི་གཞོན་ནུ་ལོ་ཆུང་གི་གཅིག་ལ་གཅིག་གཏད་ཀྱི་དབྱིན་ཡིག་སྦྱོང་བར་འགྲོ་སོང་གཏོང་མཁན་མི་ཁྲི་100ལྷག་ཟིན་པ་དེའི་ཁྲོད་ཀྱི་ཀྲུང་གོའི་ཁྱིམ་བདག་བརྒྱ་ཆ་བརྒྱད་ཅུ་ཡིས་མེ་གླིང་བྱང་མའི་ཕྱི་རྒྱལ་དགེ་རྒན་ལ་དགའ་པོ་བྱེད་ཀྱི་ཡོད།
          དེ་དང་འདྲ་བར་དྲ་ཐོག་དབྱིན་ཡིག་སློབ་གསོར་གཞོལ་མཁན་པི་ལི·པོར་གྱིས་གསར་འགོད་པར། སློབ་གསོས་ཁོང་དང་ཀྲུང་གོའི་སློབ་མའི་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཏེ་ཀྲུང་གོའི་སློབ་མས་སྦྱིན་པའི་དྲོ་སྐྱིད་ཟབ་མོ་ཚོར་བྱུང་ཞེས་བརྗོད། 2018ལོའི་ཟླ་10པར་རྒྱ་མཚོའི་རླུང་འཚུབ་དྲག་པོ“མའེ་ཁེར”གྱིས་ཧྥོ་ལོ་ལི་ཏ་ཀྲོའུ་ལ་གནོད་འཚེ་བཟོས་པས་པི་ལིའི་སྡོད་ཁང་ཕྱེད་ཀ་ལྷག་ཞིག་རལ་དུ་སོང་བ་དང་ཁང་པའི་ཐོག་ཁའང་འཁྱེར་བ་མ་ཟད། གཟའ་འཁོར་གཉིས་ཙམ་གློག་དང་དྲ་བ་ཆད།
          འོན་ཀྱང་། པི་ལིས་ཀྲུང་གོའི་སློབ་མ་དང“དྲ་ཐོག་གི་ཁ་ཆད”བྱས་པ་བརྗེད་མེད། གློག་སླེབས་རྗེས་ཁོང་གིས་འཕྲལ་མར་དྲ་ཐོག་ནས་སློབ་མ་ཚོར་གསལ་བཤད་བྱས། སློབ་མ་ཚོས་རྒྱ་མཚོའི་རླུང་འཚུབ་ཀྱི་དོན་རྐྱེན་ཐོས་རྗེས་རྒན་ལགས་ལ་སེམས་ཁྲལ་ཆེན་པོ་བྱས་པ་དང་ཚང་མས་སེམས་གསོ་བཏང་།
          “ངའི་ངོས་ནས་བརྗོད་ན་དེར་དོན་སྙིང་ཆེན་པོ་ལྡན་འདུག འདི་གར་ང་ནི་གློག་ཀླད་ནང་དུ་ཡོད་པའི་དགེ་རྒན་ཁོ་ན་མིན་པར་ཁོང་ཚོའི་སེམས་ཁུར་བྱ་ཡུལ་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།
          པི་ལིས་ཨ་རི་བ་ཁག་གཅིག་གིས་ཀྲུང་གོར་བག་ཆགས་བཟང་པོ་མེད་དོན་ནི་དེར་རྒྱུས་མངའ་མེད་པའི་རྐྱེན་ལས་བྱུང་བའི་ནོར་འཁྲུལ་གྱི་ངོས་འཛིན་ཞིག་རེད། དྲ་ཐོག་སློབ་གསོ་ལས་སྤེལ་རེས་དང་མཉམ་སྒུལ་བྱུང་བས་ཀྲུང་གོར་སླེབས་མ་མྱོང་བའི་ཨ་རི་བ་སྔར་ལས་མང་བས་དངོས་ཡོད་ཀྱི་ཀྲུང་གོ་ཤེས་རྟོགས་བྱུང་བ་མ་ཟད། རིམ་བཞིན་ཕྱོགས་ལྷུང་གི་ལྟ་ཚུལ་དེ་རིགས་འགྱུར་ལྡོག་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱས།
          “བློ་གཤོགས་ཆེ་ཙམ་བྱས་ཏེ་རིག་གནས་མི་འདྲ་བ་དང་ལེན་བྱེད་པ་ནི་འགལ་རྐྱེན་སེལ་བའི་འགག་རྩ་རེད”“ཀྲུང་གོའི་སློབ་མ་དང་སྤེལ་རེས་བྱས་རྗེས་ང་རང་ཀྲུང་གོར་ཡིད་སྨོན་འཆོར་སོང་། ད་དུང་མཚམས་རེ་རྒྱ་ཡིག་སྦྱོང་གི་ཡོད། སླད་ཕྱིན་རང་འདོད་ལྟར་ཀྲུང་གོར་ལྟ་སྐོར་ལ་འགྲོ་ཐུབ་པའི་རེ་བ་ཡོད”ཅེས་པི་ལིས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོལ།