2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

དབུས་ཤར་ས་ཁུལ་གྱི་གནད་དོན་གྱི་ཀྲུང་གོའི་ཆེད་བསྐོས་ཕོ་ཉས་ཀྲུང་དབྱིའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འབྲེལ་བ་རྒྱུན་མཐུད་བྱ་རྒྱུ་རེད་ཅེས་བརྗོད་པ།

སྤེལ་དུས 2019-12-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་པ་དབྱི་ས་ཁུལ་དུ་འཚམས་འདྲི་བྱེད་བཞིན་པའི་དབུས་ཤར་ས་ཁུལ་གྱི་གནད་དོན་གྱི་ཀྲུང་གོ་སྲིད་གཞུང་གི་ཆེད་བསྐོས་ཕོ་ཉ་ཀྲའེ་ཅུན་གྱིས་ཀྲུང་དབྱིས་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འབྲེལ་བ་རྒྱུན་མཐུད་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།
           ཚེས་9ཉིན་ཀྲའེ་ཅུན་གྱིས་ཐེ་ལ་ཝུའེ་ཕུའུ་རུ་འཚོགས་པའི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག་ཀྲུང་དབྱི་མཉམ་ལས་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་རེ་འདུན་དང་དགོས་མཁོ་ཞིག་རེད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་དམིགས་ནས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཀྱང་རེད་ཅེས་བརྗོད།
           ཀྲའེ་ཅུན་གྱིས། དབྱི་སི་རལ་ཚུད་པའི་དབུས་ཤར་ས་ཁུལ་ནི“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་ས་ཁུལ་གཙོ་བོ་ཡིན་པས་ཀྲུང་དབྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་བྱེད་པར་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད་པས། ཕྱོགས་གཉིས་པོའི་མཉམ་ལས་ལ་དེ་བས་ཆེ་བའི་ཕན་འབྲས་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
           ཀྲའེ་ཅུན་གྱིས། ད་རེས་དེ་གར་ཡོང་བའི་དམིགས་ཡུལ་ནི་ས་ཁུལ་གྱི་དུས་བབ་འཕེལ་རིམ་གསར་ཤོས་ཤེས་རྟོགས་བྱས་ཏེ་གཙོ་གནད་གནད་དོན་ཐད་པ་དབྱི་ཕྱོགས་གཉིས་པོ་དང་བསམ་འཆར་བརྗེ་རེས་བྱེད་དགོས་ཞེས་བརྗོད་པ་དང་། ཡང་ཁོང་གིས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་དབྱི་སི་རལ་གྱི་དཔོན་རིགས་ཐུག་འཕྲད་བྱས་རྗེས་ཕྱོགས་གཉིས་པོར་ཆབ་སྲིད་ཐད་ནས་པ་དབྱིའི་རྩོད་གཞི་ཐག་གཅོད་བྱེད་པའི་འདོད་མོས་ཡོད་པ་ཤེས་རྟོགས་བྱུང་། པ་དབྱིའི་གནད་དོན་སྣ་མང་རྙོག་འཛིང་ཆེ་བ་ཞིག་ཡོད། ཀྲུང་གོ་འདི་ཉིད་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཅིག་དང་འགན་འཁྲི་ཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་གནད་དོན་དེ་མགྱོགས་མྱུར་ཐག་གཅོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོལ།