བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་འཛད་སྤྱོད་གློག་རྡུལ་འགྲེམས་ཚོགས་གཙོ་གཉེར་མཁན་གྱིས་ཀྲུང་གོའི་ཁེ་ལས་ཀྱི་གསར་གཏོད་ནུས་པ“ཉིན་རེ་བཞིན་ ཆེ་རུ་འགྲོ་བཞིན་ཡོད”ཅེས་བརྗོད་པ།

སྤེལ་དུས 2020-01-14 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           2020ལོའི་ཨ་རིའི་ལཱ་སི་ཝེ་ཅཱ་སིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན(CES)ཉེ་ཆར་དངོས་སུ་གཉེར་འགོ་ཚུགས་ཤིང་། འགྲེམས་ཚོགས་གཙོ་གཉེར་མཁན་ཨ་རིའི་འཛད་སྤྱོད་ལག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅཱ་ལི·ཞཱ་ཕི་ལུའོ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཀྲུང་གོའི་ཁེ་ལས་བརྒྱ་ཕྲག་ཁ་ཤས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཁྱེར་ནས་སྐབས་འདིའི་འགྲེམས་ཚོགས་ལ་ཞུགས་རྒྱུ་ཡིན་ཞིང་། ཀྲུང་གོའི་ཁེ་ལས་ཀྱི་གསར་གཏོད་ནུས་པ“ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་འདུག”ཅེས་བརྗོད་པ་རེད།
           ཞཱ་ཕི་ལུའོ་ཡིས། པའེ་ཐེང་དང་། ཁྲང་ཧུང་། ཏཱ་ཅང་། ཧའེ་ཨར། ཧའེ་ཤིན། ཧྭ་ཝེ། ཁང་ཅཱ། ལེན་ཞང་། TCL ཀྲུང་ཤིང་སོགས་ཚུད་པའི་ཀྲུང་གོའི་ཁེ་ལས་གྲགས་ཅན་ཁག་ཡང་བསྐྱར་CESལ་ཞུགས་ནས། ཁྱབ་ཁོངས་མི་འདྲ་བའི་ཚན་རྩལ་ཐོན་རྫས་གསར་ཤོས་འགྲེམས་སྟོན་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
           ཉེ་བའི་ལོ་ཤས་རིང་། CESའགྲེམས་ཚོགས་ཐོག་གི་ཀྲུང་གོའི་ཁེ་ལས་ཀྱི་གྲུབ་འབྲས་ཡག་པོ་ཡོད། ཞཱ་ཕི་ལུའོ་ཡིས། ཨ་ཀྲུང་གི་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཞེས་བརྗོད་པ་དང་། ཁོང་གིས། གསར་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་བྱའི་བདག་དབང་ལ་མུ་མཐུད་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ནས། ཚན་རྩལ་གསར་གཏོད་གྲུབ་འབྲས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་ཁྱབ་གདལ་གཏོང་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་ཉིན་བཞིའི་CESའགྲེམས་ཚོགས་ཐོག་རྒྱལ་ཁབ་དང་ས་ཁུལ་160ལྷག་ཙམ་གི་ཚོགས་ཞུགས་པ་ཁྲི་17ཙམ་ཞུགས་རྒྱུ་ཡིན་པ་དང་། འགྲེམས་ཞུགས་ཁེ་ལས་4500ལྷག་ཙམ་གྱིས་ཚན་རྩལ་གསར་གཏོད་ཐོན་རྫས་ཁྲི་2ཙམ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། ཞཱ་ཕི་ལུའོ་ཡིས། CESསྐབས་ཚང་མའི་ཐོག་འབྱུང་འགྱུར་འཚོ་བར་འགྱུར་ལྡོག་ཆེན་པོ་ཐེབས་པའི་གསར་སྒྱུར་རང་བཞིན་གྱི་ཚན་རྩལ་འགྲེམས་སྟོན་བྱེད་ཀྱི་ཡོད། འདི་ལོའི་འགྲེམས་ཚོགས་ཐོག་ཀུན་གྱིས་དོ་སྣང་བྱེད་མང་བའི་ཚན་རྩལ་གྲུབ་འབྲས་ནང་5Gདང་སྒུལ་བདེའི་མཉམ་འབྲེལ་ཁྱབ་ཁོངས་ཀྱི་འཕེལ་རིམ་གསར་ཤོས་དང་། དེ་བཞིན་རླངས་འཁོར་ཚན་རྩལ་དང་། རིག་ལྡན་གྲོང་ཁྱེར། གྲངས་གཞིའི་སྨན་བཅོས་སོགས་ཚུད་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།