བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཁོར་ཡུག་ཁྲོད་ལོ་མང་གནས་པའི་རྫས་འགྱུར་སྦགས་བཙོག་དངོས་པོས་སྔར་བཞིན་མངལ་གནས་ཕྲུ་གུར་ཤུགས་རྐྱེན་ཐེབས་པ།

སྤེལ་དུས 2020-01-14 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
             ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན། ས་རྒྱུ་སོགས་རང་བྱུང་ཁོར་ཡུག་ཁྲོད་ལོ་བཅུ་ཕྲག་རིང་གནས་པའི་མི་ཐབས་རྫས་འགྱུར་སྦགས་བཙོག་དངོས་པོ་སྦྲུམ་མའི་གཟུགས་པོའི་ནང་སླེབས་ཚེ། འདུས་ཚད་ཅི་ཙམ་དམའ་ཡང་མངལ་གནས་ཕྲུ་གུ་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་སྲིད། སྦགས་བཙོག་དངོས་པོ་དེ་དག་ནི་གཙོ་བོ་འབུ་འཇོམས་སྨན་ཏི་ཏི་ཐི(DDT)དང་། ཏུའོ་ཁིལ་འབྲེལ་པིན(PCB) སྐྱེ་ལྡན་ཁིལ་ཞིང་སྨན་དང་འབར་འགོག་སྦྱོར་རྟ་སོགས་ཡིན་པ་རེད།
             ཨ་རིའི་རྒྱལ་ཁབ་བྱིས་པ་བདེ་ཐང་དང་མིའི་རིགས་འཚར་སྐྱེ་ཞིབ་འཇུག་ཁང་སོགས་སྒྲིག་གཞིའི་ཞིབ་འཇུག་མི་སྣས་ཉེ་ཆར《ཨ་རིའི་གསོ་རིག་ལྷན་ཚོགས་ཀྱི་དུས་དེབ·བྱིས་ནད་ཚན་ཁག》ཅེས་པའི་དུས་དེབ་ཏུ་རྩོམ་ཡིག་བཏོན་པའི་ནང་། ང་ཚོས་ཨ་རིའི་སྦྲུམ་མ་2248ཀྱི་ཁྲག་ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་འབྲེལ་Bསྒྲ་རླབས་ལ་བརྟེན་ནས་དེ་དག་གི་མངལ་གནས་ཕྲུ་གུའི་འཚར་ལོངས་ལ་ལྟ་ཞིབ་ཚད་ལེན་བྱས་པ་ཡིན། ཞིབ་འཇུག་ལས་གསལ་བ་ལྟར་ན། སྦྲུམ་མའི་ཁྲག་ནང་གི་སྦགས་བཙོག་དངོས་པོའི་འདུས་ཚད་ཀྱིས་མངལ་གནས་ཕྲུ་གུའི་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དཔེར་ན། གཟུགས་པོའི་ནང་གི་ཏུའོ་ཁིལ་འབྲེལ་པིན་གྱི་འདུས་ཚད་25%ལས་དམའ་བའི་སྦྲུམ་མ་དང་བསྡུར་ན། འདུས་ཚད་25%ལས་མཐོ་བའི་སྦྲུམ་མའི་མངལ་གནས་ཕྲུ་གུའི་ཆ་སྙོམས་ཀྱི་མགོའི་ཆེ་ཆུང་ཧའོ་སྨི་6.5ཡིས་ཆུང་བ་ཡོད་ཅེས་འཁོད་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།