བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ལེ་དབར་ཁྲི་ཡིས་ས་ཐག་ཆོད་པའི་གཞན་ཡུལ་དུ་ནད་བཅོས་སྲོག་སྐྱོབ་བྱེད།

སྤེལ་དུས 2020-01-15 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          —— ཐུ་ནི་སིར་རོགས་སྐྱོབ་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་24པའི་སྐོར་བཀོད་པ།
          ཧྥེ་གླིང་གི་ཆེས་བྱང་མ་དང་ས་དབུས་རྒྱ་མཚོའི་མཚོ་འགྲམ་དུ་ཆགས་པའི་ཐུ་ནི་སིར་ལོ་40ལྷག་ཙམ་བཅའ་སྡོད་བྱས་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ཅིག་ཡོད། ཀྲུང་གོའི་ཅང་ཤིས་ཞིང་ཆེན་གྱི་སྨན་ཁང་ཁག་ནས་ཡོང་བའི་སྨན་པས་དེ་གར་བྱང་ཆུབ་པའི་སྨན་རྩལ་ལ་བརྟེན་ནས་ནད་བཅོས་སྲོག་སྐྱོབ་བྱས་སྟབས། ས་གནས་དེ་གའི་ཡུལ་མི་ཚོས་ཁོང་ཚོར་ཀྲུང་གོའི་ལྷ་རྗེ་ཞེས་འབོད་ཀྱི་ཡོད།
          2019ལོའི་ཟླ་བཅུ་གཅིག་པར་ཡན་ལག་རུ་ཁག་3ལས་གྲུབ་པའི་ཐུ་ནི་སིར་རོགས་སྐྱོབ་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་24པས་སྨན་བཅོས་རུ་ཁག་23པ་དང་ལས་དོན་རྩིས་སྤྲོད་བྱས་རྗེས་སྨན་བཅོས་ལས་ལ་བྲེལ་འགོ་ཚུགས། ཐུ་ནི་སིའི་ནུབ་བྱང་རྒྱུད་ཀྱི་ཨ་ཐེ་ལ་སི་རི་རྒྱུད་དུ་ ཆགས་པའི་ཅན་ཏུའུ་པའེ་སྨན་ཁང་གི་ཡན་ལག་རུ་ཁག་ལ་ཁྱོན་སྨན་པ་9མངགས་པའི་ནང་ཆེད་ལས་བརྒྱད་ཀྱི་སྨན་པ་ཚུད་ཡོད། ས་གནས་དེ་གའི་སྨན་པའི་གྲངས་འབོར་མི་འདང་བའི་དབང་གིས་ཀྲུང་གོའི་སྨན་པ་དེ་དག་ཉེ་འཁོར་ཞིང་ཆེན་ཁག་གི་ནད་ཚབས་ལྕི་བའི་ནད་པ་སྐྱོབ་བཅོས་བྱེད་པའི་ཐུ་ནི་སིའི་སྨན་བཅོས་ལྟེ་གནས་ཚན་ཁག་ཁག་གི་རྐང་འཛིན་པར་གྱུར་ཡོད།
          མ་བུ་ཚན་ཁག་གི་སྨན་པ་ཝང་ཁྲེན་གྱིས་ཅན་ཏུའུ་པའེ་སྨན་ཁང་དུ་བུད་མེད་དང་མ་བུ་ཚན་ཁག་གི་སྒོ་བསྟེན་ཁང་དང་གཤགས་བཅོས་ཚན་ཁག་གི་འགན་འཁུར་གྱི་ཡོད་པས་ལས་ཀའི་འབོར་ཚད་རྒྱལ་ནང་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད། ཁོང་གིས་འདི་གར་ལས་ཀ་བྱེད་སྐབས་དུས་ཚོད་བཀོད་སྒྲིག་ཡག་པོ་བྱེད་དགོས་ཀྱི་འདུག གང་ལགས་ཤེ་ན། གཤགས་བཅོས་བྱེད་ཐེངས་གཉིས་ཀྱི་བར་གསེང་དུའང་སྒོ་བསྟེན་སྨན་བཅོས་བྱེད་མཁན་ནད་པར་ནད་ལྟ་དགོས་ཀྱི་ཡོད། སྨན་པ་དཀོན་སྟབས་ནད་པ་དུས་ཚོད་རིང་པོ་སྒུག་འཁེལ་གྱི་ཡོད་པས། ངས་རང་ནུས་ཕྲན་བུ་ལེགས་སྐྱེས་ཕུལ་ན་ནད་པའི་ན་ཚ་སྔ་ཙམ་དྲག་སྐྱེད་ཡོང་ཐུབ་ཅེས་བཤད།
          སྨན་པ་ཆིའུ་ཡུང་ཧྥ་གནས་སའི་མིག་ནད་ཚན་ཁག་ཏུ་སྨན་པ་ཁོང་གཅིག་པུ་ལས་མེད་སྟབས་ཉིན་ལྟར་སྨན་ཁང་གི་སྒོ་བསྟེན་ཁང་དང་གཤགས་བཅོས་ཚན་ཁག་གི་འགན་འཁུར་དགོས་ཀྱི་ཡོད་པས། ཟླ་བ་ཁ་ཤས་རིང་ཁོང་རྒྱུན་གཏན་གྱི་རེས་མོས་ངལ་གསོ་གཏན་ནས་སྡོད་ཁོམ་བྱུང་མེད། དགོང་མོ་ཡང་སྨན་ཁང་དུ་ནད་ཚབས་ལྕི་བའི་ནད་པར་ལྟ་བར་འགྲོ་དགོས་ཀྱི་ཡོད། 2019ལོའི་ཟླ་12ཚེས་31ཉིན་གྱི་དགོང་མོ་ཁོ་ནར་ཁོང་དོས་དྲག་ཁང་དུ་ཐེངས་གཉིས་འགྲོ་དགོས་འཁེལ་བས། གནམ་ལོ་གསར་ཚེས་ཀྱི་ངལ་གསོ་ཡང་རྒྱག་ཁོམ་བྱུང་མེད། ཤ་ཅུང་རིད་པའི་སྨན་པ་ཆིའུ་ལགས་ཀྱིས་ལས་ཀ་བྱས་པའི་སྐོར་གཅིག་ཀྱང་གླེང་གི་མེད། ལས་རོགས་ཚོས་ཁོང་གིས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་ཉིན་ལྟར་བང་རིང་པོ་སྒྲིག་པའི་ནད་པ་དག་རེད་ཅེས་བཤད།
          ཡན་ལག་རུ་ཁག་གི་ཀྲུང་ལུགས་སྨན་པ་ཝུའུ་ཁའེ་ཁྲུན་གྱིས་ནད་པར་སྨན་བཅོས་བྱེད་པ་ཕུད། ད་དུང་ཀྲུང་གོའི་སྲོལ་རྒྱུན་སྨན་རྩལ་དར་སྤེལ་གཏོང་བའི་འགན་འཁྲི་འཁུར་བཞིན་ཡོད། 2019ལོའི་ཟླ་12ཚེས་26ཉིན་ཡན་ལག་རུ་ཁག་གནས་སའི་སྨན་ཁང་གི་ཡོན་ཀྲང་གི་སྐེད་པར་ཟུག་གཟེར་བརྒྱབ་ནས་ཀྲུང་ལུགས་གསོ་རིག་ཚན་ཁག་ཏུ་སྨན་བཅོས་བྱེད་པར་ཡོང་། གློག་ཁབ་དང་། མེ་བཙའ། མེ་བུམ་བཅས་ཀྱི་ཐབས་ཤེས་སྤྱད་པས་ཁོང་གི་ན་ཟུག་ཧ་ཅང་ཆུང་དུ་ཕྱིན་ཡོད། ཟླ་12ཚེས་31ཉིན་ཡོན་ཀྲང་དང་སྨན་ཁང་གི་འགོ་ཁྲིད་གཞན་དག་གིས་སྒོ་ངའི་བག་ལེབ་འཁྱེར་ནས་ཐུགས་རྗེ་ཆེ་ཞུ་བར་ཡོང་བ་དང་སྦྲགས་སྨན་པ་ཝུའུ་ལགས་ཀྱིས་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་བྱེད་སྟངས་ལ་བརྟེན་ནས་ནད་པ་མང་པོའི་ནད་གཞི་བཅོས་རོགས་ཞུས་པ་རེད།
          ཐུ་ནི་སིར་རོགས་སྐྱོབ་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ལི་ཧྲི་ཧུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་ས་དང་ས་གནས་གཞན་གང་དུ་ཡིན་རུང་ཀྲུང་གོའི་སྨན་བཅོས་རུ་ཁག་གནས་སར་ཡིན་ན། ས་གནས་དེ་གའི་ཡུལ་མི་ཚོས་ཀྲུང་གོའི་སྨན་པ་མཐོང་མ་ཐག་རྒྱ་སྐད་ཀྱི་ཐོག་ནས“ཁྱེད་ཁམས་བཟང”ཞེས་འབོད་ཀྱི་ཡོད། དེ་ནི་ཁོང་ཚོས་ཀྲུང་གོའི་སྨན་པར་ཐུགས་རྗེ་ཞུ་ལུགས་མཚོན་པར་བྱས་པ་ཞིག་ཡིན་ལ། ཀྲུང་གོ་དང་ཐུ་ནི་སི་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ལ་དཔང་པོ་བྱས་པ་ཞིག་དེ་བས་ཀྱང་རེད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།