མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“དཀྱུས་མ”ཞིག་ནས“འཇོན་ཐང་ཅན”དུ་གྱུར་པ།

སྤེལ་དུས 2020-01-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          —— དབྱི་སི་རལ་གྱི་དྲ་རྒྱའི་བདེ་འཇཌ་ཁེ་ལས་ཀྱི་ཐུན་མིན་གྱི་ཤེས་ལྡན་པ་བསྡུ་སྟངས་ལ་ཞིབ་ལྟ་བྱེད་པ།
          གོ་ལ་ཧྲིལ་པོའི་དྲ་རྒྱའི་བདེ་འཇགས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་བསྟུན་ནས་དྲ་རྒྱའི་བདེ་འཇགས་ཤེས་ལྡན་པའི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མེད། “མི་དཀྱུས་མ”བདམས་ནས་རང་ཉིད་ཀྱིས“འཇོན་ཐང་ཅན”ལ་གསོ་སྐྱོང་བྱེད་རྒྱུ་དེ་དབྱི་སི་རལ་ཅེ་པང་བདེ་འཇགས་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིའི་ཐུན་མིན་གྱི་ཤེས་ལྡན་པ་བསྡུ་སྟངས་དམིགས་བསལ་ཞིག་རེད།
          གོ་ལ་ཧྲིལ་པོའི་གྲགས་ཅན་དྲ་རྒྱའི་བདེ་འཇགས་ཐག་གཅོད་ཇུས་གཞི་མཁོ་འདོན་ཚོང་པ་ཡིན་ཅེ་པང་ཀུང་སིས་འཛམ་གླིང་ས་ཕྱོགས་ཁག་གི་ལས་སྒོར་ཞབས་འདེགས་ཞུ་ཆེད་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་བསྡུ་འདོད་བྱེད་ཀྱི་ཡོད། དྲ་རྒྱའི་བདེ་འཇགས་ཤེས་ལྡན་མི་སྣས་ཅེ་པང་ལས་སྒོ་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་འོག་ཅེ་པང་ཀུང་སིས་ཅེ་པང་བདེ་འཇགས་སློབ་གླིང་བཙུགས་ཏེ་ཆེད་མངགས་ཤེས་ལྡན་པ་འཚོལ་འདེམས་དང་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།
          2017ལོ་ནས་བཟུང་ཅེ་པང་ཀུང་སིས་ལོ་ལྟར་ཤེས་ལྡན་པའི་ཆེད་དོན་གསོ་སྦྱོང་འཆར་གཞི་ཐེངས་རེ་ལག་ལེན་བསྟར་གྱི་ཡོད། འདས་ཟིན་པའི་ལོ་གསུམ་རིང་མི་སྟོང་ཕྲག་ཙམ་གྱིས་རེ་ཞུ་བྱས་པ་དང་། དུས་ཐེངས་རེར་རེས་སྐོར་གཉིས་ཀྱི་འགྲན་སློང་དྲག་པོ་བྱས་པ་བརྒྱུད་མཐར་རེ་འདུན་ཞུ་མཁན་20ཅེ་པང་ཀུང་སིའི་ལས་མིར་འགྱུར་གྱི་ཡོད།
          “མི་དཀྱུས་མ”འདི་དག་གི་སློབ་རྒྱུས་དང་ལས་རིགས་ཀྱི་རྒྱབ་ལྗོངས་ཧ་ཅང་སྣེ་མང་ཅན་ཡིན་ཞིང་། མང་ཆེ་བ་དྲ་རྒྱའི་ལག་རྩལ་ལས་རིགས་སུ་ལས་ཀ་བྱེད་མྱོང་མེད། ལ་ལ་ནི་དམག་ཞབས་ཐིམ་པའི་དམག་མི་དང་། ལ་ལ་ནི་གློག་བརྙན་སྒྲིག་བཟོ་བྱེད་མཁན། ད་དུང་ལ་ལ་ནི་གློག་བརྙན་སྟོན་མཁན་ཡིན། དེ་དག་ནི་ལོ་20ཙམ་ནས་40ཙམ་བར་ཡིན་པ་རེད། “ཁོང་ཚོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་དང་། དེ་ནི་རྩིས་འཁོར་དང་དྲ་རྒྱའི་ལག་རྩལ་ལ་དགའ་ཞེན་ཆེ་ལ་གསར་གཏོད་ཀྱི་བསམ་གཞིག་ནུས་པ་ཆེན་པོ་ལྡན་ཡོད”ཅེས་པར་མཱ་སིས་བཤད་པ་རེད།
          “མི་དཀྱུས་མ”20འདི་དག་ལས་ཀར་དངོས་སུ་མ་ཞུགས་གོང་ཟླ་བ་གསུམ་རིང་གི་གསོ་སྦྱོང་ནང་ཞུགས་ནས། རྩིས་འཁོར་གྱི་གཞི་རྩའི་བྱ་རིམ་སྒྲིག་བཟོ་དང་། ལྡོག་ཕྱོགས་འདུ་འགོད། གནག་སེམས་མཉེན་ཆས་ལ་དབྱེ་ཞིབ། སྐྱོན་ཆ་གསལ་ཤེས་སོགས་ཀྱི་ལག་རྩལ་གསར་ཤོས་སློབ་སྦྱོང་བྱེད་ཀྱི་ཡོད། ཅེ་པང་གིས་ཀུང་སིའི་ཕྱི་ནང་ནས་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཐོ་རིམ་རིགས་གཅིག་མཁས་ཅན་སློབ་ཚན་འཁྲིད་རྒྱུར་གདན་དྲངས་པ་དང་། གསོ་སྦྱོང་བྱེད་རིང་སློབ་སྦྱོང་གི་ལས་འགན་མང་ཆེ་བ་སློབ་མ་ཚོས་གཏན་འབེབས་དུས་ཚོད་ནང་རང་ཉིད་ཀྱིས་ལེགས་སྒྲུབ་བྱེད་དགོས་ཀྱི་ཡོད།
          “ང་ཚོས་སློབ་མའི་དབར་བསྡུར་གྱི་མེད། སློབ་མ་ཚང་མར་རང་ཉིད་ཀྱི་སློབ་སྦྱོང་བྱེད་ཐབས་མི་འདྲ་བ་ཡོད། ང་ཚོས་སྒྲུབ་དགོས་པ་ནི་སློབ་མ་མི་རེ་ངོ་རེའི་དྲ་རྒྱའི་ཤེས་རྒྱ་དང་ནུས་པ་ཤེས་རྟོགས་གང་ལེགས་བྱེད་རྒྱུ་དེ་ཡིན”ཞེས་པར་མཱ་སིས་བཤད་པ་རེད།
          ད་ཆ་ལོ་21ལ་སླེབས་པའི་ཨ་ཐུར·ཁེ་ལུའུ་ཆི་ཉིང་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་ནས་དམག་ཞབས་ཐིམ་མ་ཐག་རེད། ཁོང་མཐོ་རིམ་སློབ་འབྲིང་ནས་རྩིས་འཁོར་གྱི་བྱ་རིམ་སྒྲིག་བཟོ་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། དུས་རྒྱུན་ངོ་ཚ་སྨིན་པོ་ཡོད་ཀྱང་མི་ཚེའི་འཆར་གཞིའི་སྐོར་གླེང་སྐབས། ཁོང་གིས་ཡིད་ཆེས་དང་རེ་བས་ཁེངས་བཞིན“སློབ་ཆེན་འགྲིམ་རྒྱུ་ནི་ཕྱིས་སུ་བསྒྲུབ་རྒྱུའི་ལས་ཀ་རེད། ད་ཆ་ཅེ་པང་ཀུང་སིར་སློབ་སྦྱོང་དང་འཚར་ལོངས་ཡོང་བའི་གོ་སྐབས་བཟང་པོར་དམ་འཛིན་བྱེད་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།
          གསར་གཏོད་དང་ཞིབ་སྤེལ་ལ་མཁས་པའི་དབྱི་སི་རལ་ལ“གསར་གཏོད་རྒྱལ་ཁབ”ཅེས་སུ་གྲགས། མཐོ་གསར་ཚན་རྩལ་ཁྱབ་ཁོངས་སུ་གསར་གཏོད་མ་ལག་བྱང་ཆུབ་པ་ཞིག་བཙུགས་ཡོད། འོན་ཀྱང་རྩེར་སོན་ཚན་རྩལ་གྱི་ཤེས་ལྡན་པ་སྔར་བཞིན་དཀོན་པོ་ཡོད། པར་མཱ་སི་ཡིས་སྤྱི་ཚོགས་ཀྱིས་མཐོ་འབྲིང་སློབ་མ་དེ་བས་མང་བ་ཚན་རིག་གམ་ཡང་ན་ལས་གྲྭ་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་ལྕག་སྐུལ་བྱེད་དགོས་ལ། ཁྱབ་ཁོངས་དེ་དག་ལ་བུད་མེད་དེ་བས་མང་བས་དགའ་ཞེན་བྱེད་རྒྱུའི་ལྕག་སྐུལ་ཡང་བྱས་ཏེ། དབྱི་སི་རལ་གྱི་ཚན་རྩལ་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།