མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་མར་ཏི་ཝེའི་མིག་ནད་ཚན་ཁག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།

སྤེལ་དུས 2020-01-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཚེས་13ཉིན་གྱི་ཕྱི་དྲོ། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་ཀྲུང་གོ་དང་མར་ཏི་ཝེའི་མིག་ནད་ཚན་ཁག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་མར་ཏི་ཝེའི་ཧུའུ་ལུའུ་མ་ལེ་སྨན་ཁང་དུ་འཚོགས་ཤིང་། མར་ཏི་ཝེའི་ཙུང་ཐུང་ས་ལི་ཧེས་སྲིད་གཞུང་གི་དཔོན་རིགས་མང་པོའི་སྣེ་ཁྲིད་དེ་མཛད་སྒོར་ཞུགས་པ་རེད།
           ས་ལི་ཧེ་དང་མར་ཏི་ཝེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ལི་ཀྲུང་གིས་མིག་ནད་ཚན་ཁག་ལྟེ་གནས་ཀྱི་དར་ཚོན་བྲེགས་པ་དང་། ས་ལི་ཧེས་མིག་ནད་ཚན་ཁག་ལྟེ་གནས་ལ་ལྟ་སྐོར་གནང་རྗེས་ཀྲུང་གོའི་སྨན་དོན་མི་སྣར། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མར་ཏི་ཝེར་རྩ་ཆེ་ལ་སྤུས་ཚད་མཐོ་བའི་ཆེད་ལས་ཀྱི་ཞབས་ཞུ་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
           ཀྲང་ལི་ཀྲུང་གིས་མཛད་སྒོའི་ཐོག ཀྲུང་མར་མིག་ནད་ཚན་ཁག་ལྟེ་གནས་ནི་ཀྲུང་གོས་ཕྱི་རྒྱལ་དུ་རོགས་སྐྱོར་བྱས་ནས་བསྐྲུན་པའི་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་མིག་ནད་ཚན་ཁག་ལྟེ་གནས་དང་པོ་དེ་ཡིན་ལ་ཀྲུང་མར་གཉིས་དབར་གྱི་འཕྲོད་བསྟེན་ཁྱབ་ཁོངས་སུ་སྤེལ་བའི་མཉམ་ལས་རྣམ་གྲངས་ཐོག་མ་དེ་ཡང་ཡིན་ཞེས་བརྗོད་པ་རེད།
           མར་ཏི་ཝེའི་འཕྲོད་བསྟེན་པུའུ་ཀྲང་ཨ་མིང་གིས། མིག་ནད་ཚན་ཁག་ལྟེ་གནས་ལས་མར་ཏི་ཝེའི་མང་ཚོགས་དེ་བས་མང་བར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ཐོབ་པ་དང་ས་གནས་དེ་གའི་སྨན་དོན་མི་སྣར་ཡང་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཉམ་ལས་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་དང་2017ལོར་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མར་ཏི་ཝེར“འོད་སྣང་བྱ་སྤྱོད”བྱེད་སྒོ་སྤེལ་ནས་མར་ཏི་ཝེ་རུ་སྨན་རིན་མི་དགོས་པར་སྐྱ་གྲིབ་ཀྱི་གཤགས་བཅོས་205བྱས་ཡོད། ཧུའུ་ལུའུ་མ་ལེ་སྨན་ཁང་དུ་ཀྲུང་མར་མིག་ནད་ཚན་ཁག་ལྟེ་གནས་བསྐྲུན་པ་དེ་ནི་ཀྲུང་མར་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་རྟོག་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་རྗེས་ཐག་བཅད་པ་ཞིག་ཡིན་པ་དང་འཆར་གཞི་བྱས་ན་ས་གནས་དེ་གའི་དམངས་ཚོགས་ལ་རྒྱུན་རྣམ་ཅན་གྱི་སྨན་བཅོས་ཞབས་ཞུ་བྱ་རྩིས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།