མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་ཧྥི་མཚོ་ཐོག་ཉེན་རྟོག་ཕྱོགས་ཀྱིས་མཚོ་ཐོག་གི་ཁྲིམས་འཛིན་མཉམ་ལས་ཟབ་ཏུ་བཏང་སྟེ་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།

སྤེལ་དུས 2020-01-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          མཚོ་ཐོག་གི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་ཆེད། ཀྲུང་ཧྥི་མཚོ་ཐོག་ཉེན་རྟོག་མཚོ་ཐོག་མཉམ་ལས་མཉམ་འབྲེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་ཚེས་14ནས་16ཉིན་བར་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འཚོགས་པ་རེད། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ཝང་ཀྲུང་ཚའེ་དང་ཧྥི་ལི་ཕིན་མཚོ་ངོགས་ཉེན་ཟོན་རུ་ཁག་གི་དམག་སྤྱི་ཅཱ་ཞི་ཡཱས་མཉམ་དུ་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
          2016ལོའི་ཟླ་10པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་རྣམ་གཉིས་ཀྱིས《མཚོ་ཐོག་ཉེན་རྟོག་མཚོ་ཐོག་མཉམ་ལས་མཉམ་འབྲེལ་ཨུ་ལྷན་འཛུགས་རྒྱུའི་སྐོར་གྱི་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུས་དང་ཧྥི་ལི་ཕིན་མཚོ་ངོགས་ཉེན་ཟོན་རུ་ཁག་གི་བསམ་ཤེས་དྲན་ཐོར》མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་དང་། ཀྲུང་ཧྥི་མཚོ་ཐོག་ཉེན་རྟོག་མཉམ་འབྲེལ་ཨུ་ལྷན་དེ་བསམ་ཤེས་དྲན་ཐོར་གཞིགས་ནས་བཙུགས་པ་རེད། ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་2017ལོ་དང་2018ལོར་ཧྥི་ལི་ཕིན་གྱི་སུའུ་པི་ཁེ་དང་ཀྲུང་གོའི་ཀོང་ཀྲོའུ་རུ་འཚོགས་པ་རེད།
          ད་རེས་ཀྱི་ཚོགས་འདུ་དེ་ཀྲུང་གོ་མཚོ་ཐོག་ཉེན་རྟོག་དམག་གྲུ་5204ཡིས་སྐམ་སའི་འཐུས་མི་ཚོགས་པ་དང་མཉམ་དུ་ཧྥི་ལི་ཕིན་དུ་འཚམས་འདྲི་བྱས་ཏེ་ཧྥི་ལི་ཕིན་མཚོ་ངོགས་ཉེན་ཟོན་རུ་ཁག་གི་དམག་གྲུ་དང་མཉམ་དུ་མཚོ་ཐོག་མཉམ་འབྲེལ་འཚོལ་སྐྱོབ་དང་དེ་བཞིན་མེ་གསོད་ནང་སྦྱོང་བྱས་ཏེ་སྒྲིག་གཞི་གཉིས་ཀྱི་མཚོ་ཐོག་ཁྲིམས་འཛིན་གྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་དང་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུར་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད།
          མཉམ་འབྲེལ་ཨུ་ལྷན་གྱི་གཤམ་འོག་ཏུ་ལས་དོན་ཚོགས་ཆུང་ཁག་བཙུགས་པ་བརྒྱུད་ཚོགས་འདུའི་ཐོག་གོམ་སྟབས་རྗེས་མར་མཉམ་ལས་རྣམ་གྲངས་སྤེལ་རྒྱུ་དང་མཉམ་ལས་ཁྱབ་ཁོངས་གསར་སྣོན་བྱ་རྒྱུར་གྲོས་བསྡུར་བྱས་པ་དང་འབྲེལ་གཏན་འཁེལ་ཡང་བྱས་ནས་ཕྱོགས་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུ་མ་ཟད་ཕྱོགས་གཉིས་པོའི་མཚོ་ཐོག་བྱ་སྤྱོད་ལ་གཉིས་ཕན་ཐོབ་རྒྱུའི་འགན་ལེན་ཡང་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།