མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱིས་མེ་ཀུང་གཙང་པོར་ལོ་གསར་པའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་ཐེངས་དང་པོ་བྱས་པ།

སྤེལ་དུས 2020-01-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཁྲིམས་འཛིན་གྲུ་གཟིངས་3ཀྲུང་གོའི་ཤིས་ཧྲོང་པན་ནའི་ཅིན་ཧ་གྲུ་ཁ་ནས་ཐོན་འགོ་ཚུགས་པ་དེ་ཐོག་ནས་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིས་2020ལོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་ཐེངས་དང་པོ་དངོས་སུ་བྱེད་འགོ་ཚུགས་པ་མཚོན་ཡོད།
          ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་ཆུ་ཐོག་སྐོར་གཡེང་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་རེས་ཀྱི་བྱ་སྤྱོད་མ་སྤེལ་གོང་རྒྱལ་ཁབ་བཞིའི་ཁྲིམས་འཛིན་སྡེ་ཚན་གྱིས་ཀྲུང་གོའི་ཁུན་མིང་དུ་2019ལོའི་ལོ་འཁོར་གྱི་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བཀོད་འདོམས་པུའི་ལས་དོན་ཚོགས་འདུ་འཚོགས་ནས་2019ལོར་མེ་ཀུང་གཙང་པོར་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱས་པར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཐུན་མོང་ཐོག་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ་དང་། 2020ལོའི་རྒྱལ་ཁབ་བཞིའི་མཉམ་འབྲེལ་ཁྲིམས་འཛིན་མཉམ་ལས་ནང་དོན་ཐད་གྲོས་བསྡུར་གཏིང་ཟབ་བྱས་པ་མ་ཟད། མེ་ཀུང་གཙང་པོ་རྒྱུག་ཁོངས་སུ་ཁྲིམས་འཛིན་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཞབས་འདེགས་སྔར་བས་ལེགས་པ་ཞུ་བ་སོགས་ཀྱི་ཐད་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་མང་པོ་ཞིག་བྱུང་ཡོད། རྒྱལ་ཁབ་བཞིས་ད་དུང་ཀྲུང་གོའི་ཅིན་ཧུང་དུ་བཀོད་འདོམས་དཔོན་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་ད་རེས་ཀྱི་བྱ་སྤྱོད་ལ་ཐུན་མོང་ཐོག་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།