དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་འབར་དབར་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འཆར་གཞི་གསར་པ་བཀོད་པ།

སྤེལ་དུས 2020-01-23 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་པི་ཏུའུ་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་དོན་འཚམས་འདྲི་ཉིན་གཉིས་རིང་། བྱེད་སྒོ་ཁག་12ལ་ཞུགས་པ་དང་། མཉམ་ལས་ཀྱི་ཡིག་ཆ་ཁག་29ལ་མིང་རྟགས་བཀོད་པའི་བདེན་དཔང་བྱས་པ་སྟེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་པའི་རྒྱལ་དོན་འཚམས་འདྲི་ཐོག་མའི་ཉིན་རེའི་ལས་རིམ་མདོར་བསྡུས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
           ཀྲུང་གོ་དང་འབར་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མར་རྒྱལ་དོན་འཚམས་འདྲི་གནང་བ་དེ་ཐོག་ནས་ཀྲུང་འབར་རྒྱལ་ཁབ་གཉིས་ཀྱི་སྤུན་ཟླའི་མཛའ་བརྩེ་ཟབ་ཏུ་གཏོང་བ་དང། རྒྱལ་ཁབ་གཉིས་པོའི་དབར་གྱི་མི་རབས་ནས་མི་རབས་དབར་གྱི་མཛའ་མཐུན་གྱི་ལེའུ་གསར་པ་གཏོད་འགོ་ཚུགས་པ་མཚོན་ཡོད། ད་རེས་་ཀྱི་རྒྱལ་དོན་འཚམས་འདྲི་དེ་ནི་ཀྲུང་འབར་གྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དང་དེར་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཟབ་མོ་ལྡན་ངེས་རེད། གཙོ་བདག་དབར་གྱི་ཕྱི་འབྲེལ་གྱིས་ཀྲུང་འབར་དབར་གྱི་སྤུན་ཟླའི་མཛའ་གྲོགས་དུས་རབས་གསར་པར་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཡོད།
           ཡང་དག་པའི་འཐབ་ཇུས་ཀྱི་ངེས་གནས་དང་ཁ་ཕྱོགས་ནི། དུས་རབས་གསར་པའི་ཀྲུང་འབར་དབར་གྱི་འབྲེལ་བ་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། ལོ་ངོ་70ཡི་རིང་། ཀྲུང་འབར་དབར་གྱི་འབྲེལ་བ་ཆར་རླུང་བརྒྱུད་སྔར་བཞིན་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དེ་ནི་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་འཕེལ་རྒྱས་འགྲོ་ལམ་ལ་བརྩི་འཇོག་བྱས་པ་དང་ཕན་ཚུན་གྱི་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད། ད་རེས་ཀྱི་རྒྱལ་དོན་འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་ཀྲུང་འབར་དབར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། གཏན་འབེབས་དེ་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་སྒུག་དང་མཐུན་པ། ཀྲུང་འབར་གྱི་འབྲེལ་བའི་ནང་དོན་ཕུན་སུམ་ཚོཌ་སུ་གཏོང་བ་བཅས་ཡིན་པས་དེས་ཀྲུང་འབར་མཉམ་ལས་ལ་རྒྱུན་མི་འཆད་པར་སྒུལ་ཤུགས་དང་གསོན་ཤུགས་སྣོན་རྒྱུ་རེད།
           གཉིས་ཁེ་གཉིས་ཕན་གྱི་དངོས་སྒྲུབ་མཉམ་ལས་ནི་ཀྲུང་འབར་འབྲེལ་བའི་མདུན་སྐྱོད་སྒུལ་ཤུགས་ཤིག་རེད། ཀྲུང་འབར་རྒྱལ་ཁབ་གཉིས་ལ་སོ་སོའི་འཕེལ་རྒྱས་ཀྱི་ལས་འགན་འཕྲད་ཡོད་པས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་དམངས་ཕན་གྱི་ཁེ་ཕན་དེ་བས་མང་བ་གཏོད་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། ད་རེས་ཀྱི་རྒྱལ་དོན་འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོའི་ དབར“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོའི་སྒོ་ནས་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་གྲུབ་པ་དང་། ཕྱོགས་གཉིས་པོས་ཀྲུང་འབར་གྱི་དཔལ་འབྱོར་བར་ཁྱམས་དེ་དོན་སྤྱིའི་འཆར་འགོད་ནས་འཛུགས་སྐྲུན་དངོས་ཀྱི་དུས་མཚམས་ལ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཅའོ་ཕེའོ་དཔལ་འབྱོར་དམིགས་བསལ་ཁུལ་དང་ཀྲུང་འབར་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་སོགས་མཉམ་སྦྲེལ་མཉམ་མཐུད་ཀྱི་སྒྲོམ་གཞི་མང་པོ་ཞིག་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་དཔལ་འབྱོར་ཚོང་དོན་དང་། ཞིང་ནགས། ཐོན་ནུས། མ་འཇོག དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ཡོད། ཀྲུང་འབར་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོའི་སྒོ་ནས་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་བ་དང་བསྟུན་ནས་གྲུབ་འབྲས་ཀྱང་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་སོང་ཡོད། དུས་རབས་གསར་པར་ཀྲུང་འབར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་ལམ་བུ་དེ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་རྒྱུ་རེད།
           རྒྱ་ཁྱབ་དམ་ཟབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་ནི་ཀྲུང་འབར་གྱི་མཛའ་གྲོགས་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱེད་པའི་སྒྲོག་ཐག་བརྟན་པོ་ཞིག་རེད། རྒྱལ་ཁབ་དབར་གྱི་འབྲེལ་བ་ནི་མི་དམངས་ཀྱི་མཛའ་མཐུན་ལ་ཐུག་ཡོད། ཀྲུང་འབར་རྒྱལ་ཁབ་གཉིས་ཀྱི་རི་ཆུ་འབྲེལ་བ་དང་། རིག་གནས་འབྲེལ་མཐུད། ཤེས་དཔལ་མྱོང་ལེན་གཏིང་ཟབ་པ། མི་སྣ་འགྲོ་འོང་མང་བ་བཅས་ལས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་བྱ་གཞག་ནང་ཞུགས་མཁན་དང་། ཕན་པ་ཐོབ་མཁན། རྒྱབ་སྐྱོར་བྱེད་མཁན་བཅས་དེ་བས་མང་བ་གསོ་སྐྱོང་ཐུབ་ནས་རྒྱལ་ཁབ་གཉིས་པོའི་དམངས་འདོད་རྨང་གཞི་བརྟན་དུ་འགྲོ་རྒྱུ་རེད། ད་རེས་ཀྱི་རྒྱལ་དོན་འཚམས་འདྲི་གནང་རིང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཕྱོགས་གཉིས་པོས་འདི་ལོ་ནི“ཀྲུང་འབར་རིག་གནས་ཡུལ་སྐོར་ལོར”གཏན་འཁེལ་བྱས་ནས་སློབ་གསོ་དང་། ཡུལ་སྐོར། རིག་གནས་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་སུ་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་རྒྱུའི་མོས་མཐུན་བྱས་ཡོད། དེ་དག་ཚང་མས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་འབར་འབྲེལ་བའི་ཡུན་རིང་གི་འཕེལ་རྒྱས་ལ་དེ་བས་བརྟན་པའི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་འདིང་རྒྱུ་རེད།
           ལོ་ངོ་70ནི་ལམ་ཚད་རྡོ་རིང་ཞིག་རེད་ལ། འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད། དུས་རབས་གསར་པར་ཀྲུང་འབར་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཟིན་པ་དང་། ཕྱོགས་གཉིས་པོས་འཆར་གཞི་དེའི་ཁྲིད་སྟོན་འོག་དེ་བས་ཟབ་པའི་ཀྲུང་འབར་དབར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ་འཛམ་གླིང་ལ་དྲང་ནུས་དེ་བས་མང་པ་བསྣན་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།