དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རི་ཕྱོགས་ཀྱིས་ཀྲུང་གོར་རོགས་རམ་ཆེན་པོ་བྱེད་བཞིན་པ་བདེན་ནམ།

སྤེལ་དུས 2020-02-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱི་རིམས་ནད་དང་འབྲེལ་བའི་གཏམ་བརྗོད་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
         གསར་འགོད་པའི་དྲི་བ། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་2ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ནས་ཡོང་བའི་བགྲོད་ལམ་ལ་སྒོ་བརྒྱབ་ཡོད་པ་དང་། ང་ཚོས་ནད་དུག་འགོས་སྲིད་པའི་མི་ཁྲི་སྟོང་མང་པོ་རྒྱལ་ནང་དུ་ཡོང་དུ་འཇུག་མི་རུང་ཞེས་དང་། ཨ་རི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་རོགས་རམ་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ཧྭ་ཁྲུན་ཡིང་གིས་ལན་དུ། མིག་སྔར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་གསར་པར་འགོག་རྒོལ་བྱེད་བཞིན་ཡོད། ང་ཚོས་འཕྲལ་ཐག་ཆོད་པོ་དང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་རིམས་ནད་མཆེད་པར་སྔོན་འགོག་བྱེད་བཞིན་ཡོད། སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ལ་རིམ་བཞིན་གྲུབ་འབྲས་ཐོབ་བཞིན་ཡོད་པ་དང་། ད་ཐེངས་ཀྱི་ཏོག་དབྱིབས་ནད་དུག་གི་གློ་ཚད་གསར་པ་འགོ་བའི་མི་གྲངས་ཅུང་མང་མོད། འོན་ཀྱང་ཀྲུང་གོའི་མངའ་ཁོངས་སུ་ནད་ཕོག་ནས་ཤི་ཚད་ཧ་ཅང་དམའ་ཞིང་། 2.1%ལས་མེད་པ་དེ་ཨའེ་པོ་ལ་དང་། དམིགས་བསལ་གློ་ཚད་(SARS)། དབུས་ཤར་ས་ཁུལ་གྱི་དབུགས་ལམ་ཕྱོགས་བསྡུས་ནད་(MERS)སོགས་འགོས་ནད་ལས་དམའ་བ་ཡོད། མིག་སྔར་སྨན་བཅོས་བྱེད་ཐུབ་ཚད་ད་དུང་རྒྱུན་ཆད་མེད་པར་འཕར་བཞིན་ཡོད། ང་ཚོར་རིམས་ནད་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་ཡིད་ཆེས་དང་ནུས་པ་ཡོད། ཀྲུང་གོ་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ཐད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད། ཨ་རི་ཕྱོགས་ཀྱིས་ལུགས་མཐུན་གཞུང་དྲང་དང་བབ་བརླིང་གི་རྣམ་འགྱུར་བཟུང་སྟེ་ཚད་བརྒལ་གྱི་རྣམ་འགྱུར་མི་འཛིན་པ་དང་། ཀྲུང་གོ་ཕྱོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འབད་བརྩོན་ལ་བརྩི་འཇོག་དང་གཞོགས་འདེགས་བྱས་ཏེ་ཀྲུང་གོ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གློ་ཚད་ཀྱི་རིམས་ནད་གསར་པ་འགོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ཐེངས་མང་པོར་ཀྲུང་གོ་ཕྱོགས་ལ་རོགས་སྐྱོར་བྱེད་འདོད་ཡོད་པར་དོ་སྣང་བྱུང་ཡོད་ལ། འབྲེལ་ཡོད་རོགས་སྐྱོར་སྔ་ཙམ་དམིགས་སར་འབྱོར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།