དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཐབ་ཇུས་དང་འཐབ་རྩལ་ལ་ཁས་ལེན་བྱས་པ།

སྤེལ་དུས 2020-02-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་18ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་གྱི་ཛ་དྲག་རྣམ་གྲངས་ལག་བསྟར་ཀྲུའུ་རེན་མན་ཁེར་རུའེ་ཨན་གྱིས། མིག་སྔར་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཐབ་ཇུས་དང་འཐབ་རྩལ་ཚང་མ་ཡང་དག་པ་ཞིག་རེད། རྒྱལ་ཁབ་ཚང་མས་དོན་དངོས་ལ་དམིགས་པའི་སྤྱི་པའི་འཕྲོད་བསྟེན་གྱི་བྱེད་ཐབས་སྤྱོད་རྒྱུའི་རེ་བ་ཡོད་ཅེས་བརྗོད།
        ཚེས་17ཉིན་ཀྲུང་གོའི་ཝུའུ་ཧན་གྲོང་ཁྱེར་དུ་དུས་ཡུན་ཉིན་གསུམ་གྱི་གཅིག་སྡུད་ལེབ་བཤེར་ཆེ་མོ་བྱེད་འགོ་ཚུགས་ཏེ། མཐིལ་རྟོགས་ཁ་གསལ་གྱིས་མི་གཅིག་དང་དུད་ཚང་གཅིག་ཀྱང་མ་ལུས་པར་བྱས་ནས་རིམས་ནད་ཁྱབ་མཆེད་མཐའ་གཅིག་ཏུ་འགོག་དགོས་པ་བཏོན་ཡོད། དེ་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྐོར་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རུའེ་ཨན་གྱིས་ཝུའུ་ཧན་གྱིས་སྤྱད་པའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནི་སྤྱི་པའི་འཕྲོད་བསྟེན(དོ་དམ)གྱི་བྱེད་ཐབས་ཡག་པོ་ཞིག་རེད་ཅེས་བརྗོད་ཅིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་གཟའ་འཁོར་ཁ་ཤས་ནང་རིམས་ནད་ཁྱབ་མཆེད་བཀག་འགོག་གི་ལས་དོན་ཧུར་ཐག་སྤེལ་བར་བརྟེན། མིག་སྔར་ཏོག་གསར་གློ་ཚད་ཀྱི་ནད་དཔེ་གསར་པ་ཐོན་ཚད་ཉུང་དུ་ཕྱིན་པ་མཐོང་རྒྱུ་ཡོད། ད་ཆ་ཀྲུང་གོ་ཕྱོགས་ཀྱིས་སླར་ཡང་སྒོ་རྩར་ཕྱིན་ནས་གྲལ་བཤེར་བྱེད་པའི་རང་འགུལ་ལྟ་ཞིབ་བྱེད་ཐབས་སྤྱད་ཡོད་ཅེས་བརྗོད།
        རུའེ་ཨན་གྱིས་མིག་སྔར་ཀྲུང་གོས་རིམས་ནད་ལ་ཁ་གཏད་གཅོག་པའི་འཐབ་ཇུས་དང་འཐབ་རྩལ་ཚང་མ་་ཡང་དག་པ་ཞིག་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་དེ་བས་མང་བས“མཛུབ་ཁྲིད་གནད་འཁེལ་དང་འཆར་གཞི་ཚགས་ཚུད”ཀྱི་བྱེད་ཐབས་སྤྱད་དེ་ནད་དུག་ལ་ཞིབ་དཔྱད་དང་འབྲེལ་ནད་དུག་ཁྱབ་མཆེད་ཚོད་འཛིན་དང་། བཀག་འགོག ཉུང་དུ་གཏོང་བ་བཅས་བྱེད་པ་མཐོང་བྱུང་ཞེས་བརྗོད། ཁོང་གིས་རྒྱལ་ཁབ་ཚང་མས་མ་འོངས་ཀྱི་ཉིན་ཁ་ཤས་དང་གཟའ་འཁོར་ཁ་ཤས་ནང་དོན་དངོས་དང་འཚམ་པའི་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་སྤྱོད་པའི་རེ་བ་ཡོད་ཅེས་བརྗོད།
        དེ་ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་འགོ་ནད་རང་བཞིན་གྱི་ཉེན་ཁ་དོ་དམ་སིའི་སི་ཀྲང་ཤིར་ཝེ་པུ་ལི་ཨན་ཏེས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཉམ་ལས་རིགས་གཅིག་མཁས་ཅན་ཁག་གཅིག་གིས་མཁོ་འདོན་བྱས་པའི་གྲངས་གཞིའི་དཔེ་དབྱིབས་ལས་མངོན་པར་གཞིགས་ན། ཀྲུང་གོས་སྤྱད་པའི་མི་སྣ་འགྲོ་འོང་ཚོད་འཛིན་གྱི་བྱེད་ཐབས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་རིམས་ནད་མཆེད་ཚད་ཉིན་གཉིས་ནས་གསུམ་བར་ནར་འགྱངས་ཐུབ་པ་དང་ཀྲུང་གོའི་ཕྱིར་རིམས་ནད་མཆེད་པའི་མྱུར་ཚད་གཟའ་འཁོར་གཉིས་ནས་གསུམ་བར་འགྱངས་ཐུབ་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།