དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་ཁག་ལྔ་བརྒྱུད་གོ་ལ་ཧྲིལ་པོའི་རིམས་འགོག་འཐབ་རྩོད་ལ་རམ་འདེགས་བྱེད་རྒྱུ་ཡིན།

སྤེལ་དུས 2020-03-13 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་11ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་བྱེད་ཐབས་ཁག་ལྔ་བརྒྱུད་གོ་ལ་ཧྲིལ་པོའི་རིམས་འགོག་འཐབ་རྩོད་ལ་རམ་འདེགས་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
          གསར་འགོད་པས། ཏོག་གསར་གློ་ཚད་གོ་ལ་ཧྲིལ་པོའི་ས་ཁུལ་མང་པོ་ཞིག་ཏུ་མགྱོགས་མྱུར་མཆེད་བཞིན་ཡོད་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས། ཏོག་གསར་གློ་ཚད་དེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་རིམས་ནད་དུ་འགྱུར་བའི་ཉེན་ཁ་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅེས་བརྗོད་ཡོད་པ་དང་། གོ་ལ་ཧྲིལ་པོར་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་རིམས་ནད་ཀྱི་གནས་ཚུལ་ལ་དམིགས་ནས་ཀྲུང་གོ་ཕྱོགས་ཀྱིས་གོམ་སྟབས་རྗེས་མར་རྒྱལ་སྤྱིའི་སྤྱི་ཚོགས་དང་། མཉམ་ལས་ལ་ཤུགས་སྣོན་ཇི་ལྟར་བརྒྱབ་སྟེ་རིམས་ནད་ལ་ཁ་གཏད་གཅོག་རྩིས་ཡོད་དམ་ཞེས་དྲིས།
          ཀེང་ཧྲོང་གིས་བརྗོད་དོན། ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་བབ་ལེགས་པོའི་ཕྱོགས་སུ་འགྱུར་ལྡོག་ཕྱིན་ཏེ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དེ་དང་ཆབས་ཅིག ཏོག་གསར་གློ་ཚད་གོ་ལ་ཧྲིལ་པོའི་གནས་མང་པོ་ཞིག་ཏུ་ཐོན་ཡོད་པ་མ་ཟད། གང་སར་མཆེད་པའི་རྣམ་པ་མངོན་ཡོད་པ་དང་། རྒྱལ་ཁབ་ཁག་གཅིག་ལ་རིམས་ནད་ཚབས་ཅུང་ཆེ་ཙམ་ཐོན་ཡོད་པས། རྒྱལ་ཁབ་ཁག་གིས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་རིམས་ནད་འགོག་རྒོལ་བྱས་ཏེ་ཐུན་མོང་ཐོག་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས།
           ཀེང་ཧྲོང་གིས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་དམ་འཛིན་ལྷོད་མེད་ངང་མུ་མཐུད་རང་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་རིམས་འགོག་འཐབ་རྩོད་ལ་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་དེ།
            གཅིག་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། རིམས་ནད་ཀྱི་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཧྲིལ་པོས་རིམས་འགོག་འཐབ་རྩོད་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། རིམས་ནད་ཐོན་རྗེས། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ནད་དུག་གི་གཞི་རྒྱུའི་རིམ་སྟར་ཆ་འཕྲིན་མཉམ་སྤྱོད་བྱས་ཏེ་དུས་ཐོག་ཏུ་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་ལ་རིམས་ནད་སྐོར་བརྡ་ཁྱབ་བཏང་བ་རེད། “ང་ཚོས་མུ་མཐུད་ཡོངས་བསྒྲགས་དང་། ཁ་གསལ། དེ་བཞིན་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་མི་དམངས་ཀྱི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་ཆབས་ཅིག ཕྱོགས་ཁག་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་དང་གོ་ལ་ཧྲིལ་པོའི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་བཏང་ནས་རིམས་ནད་གང་སར་མཆེད་རྒྱུ་བཀག་འགོག་ཧུར་ཐག་བྱ་རྒྱུ་ཡིན”
          གཉིས་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་དང་སྤེལ་རེས་བྱ་རྒྱུ་ཡིན་ཞིང་། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་དཔར་མ་7དང་སྔོན་འགོག་ཚོད་འཛིན་ཇུས་གཞི་དཔར་མ་6བཀྲམ་ཟིན་པ་དང་། ཇུས་གཞི་དེ་དག་ཀྲུང་གོ་ནས་ཐོན་པ་དང་འཛམ་གླིང་ལ་ཁ་ཕྱོགས་ནས་སྐད་ཡིག་མང་པོར་བསྒྱུར་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་སྤྱོད་སྤེལ་རེས་བྱས་ཡོད། ད་བར་ཀྲུང་གོ་ཕྱོགས་ཀྱིས་ཡོ་རབ་མནའ་འབྲེལ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཨ་ཧྥེ་རི་ཁ་མནའ་འབྲེལ། ཅཱ་ལེ་པི་གཅིག་མཐུན་འདུས་གྲུབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་བཅས་དང་། དེ་བཞིན་ཏུར་མེན་སི་ཐན་དང་། ཨ་ཟེར་བྷེ་ཇན། མོལ་དོ་ཝ། འཇོར་ཇི་ཡ་སོགས་རྒྱལ་ཁབ་དང་བརྙན་ལམ་ཚོགས་འདུ་འཚོགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཉམས་མྱོང་སྤེལ་རེས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྣམ་པ་སྣ་ཚོགས་བརྒྱུད་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དབར་སྤེལ་རེས་དང་མྱོང་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན།
          གསུམ་ནས་རོགས་རམ་མཁོ་བའི་རྒྱལ་ཁབ་དང་ས་ཁུལ་ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ་མངགས་གཏོང་བྱ་རྒྱུ་ཡིན་ཞིང་། མིག་སྔའི་བར། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་དབྱི་རན་དང་དབྱི་རག་ལ་རིགས་གཅིག་མཁས་ཅན་ཚོགས་པ་མངགས་གཏོང་བྱས་ཏེ་ས་གནས་དེ་གར་དམ་ཚགས་ངང་ལས་དོན་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་རམ་འདེགས་བྱས་པས་ས་གནས་དེ་གའི་ཚན་པ་དང་མི་སེར་གྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་དབྱི་ཐ་ལིར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ་མངགས་གཏོང་བྱས་ཏེ་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རོགས་སྐྱོར་བྱེད་རྩིས་ཡོད། “ང་ཚོས་མུ་མཐུད་རྣམ་པ་འདི་འདྲ་བརྒྱུད་རོགས་སྐྱོར་མཁོ་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན”
          བཞི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྨན་རྫས་སོགས་རིམས་འགོག་དངོས་ཟོག་གི་རོགས་སྐྱོར་བྱ་རྒྱུ་ཡིན་ཞིང་། རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ལ་བྱམས་སེམས་ཡོད། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཨ་སྒོར་ཁྲི་2000ཞལ་འདེབས་བརྒྱབ་པ་དང་། འབྲེལ་ཡོད་རྒྱལ་ཁབ་ལ་ཁ་རས་དང་། སྨན་རྫས། འགོག་སྲུང་གྱོན་ཆས་སོགས་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་པ། རྒྱལ་ཁབ་ཁག་གཅིག་ལ་འཕྲལ་མཁོའི་སྨན་བཅོས་དངོས་ཟོག་དང་སྒྲིག་ཆས་ཕྱིར་གཏོང་བྱས་ཡོད། ཀྲུང་གོའི་ས་གནས་སྲིད་གཞུང་དང་དམངས་ཁྲོད་སྒྲིག་གཞིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་རྒྱལ་ཁབ་གཞན་ལ་རོགས་སྐྱོར་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རང་རྒྱལ་ཁབ་ཀྱི་རིམས་ནད་འགོག་རྒོལ་བྱེད་པ་དང་ཆབས་ཅིག རང་ངོས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་མུ་མཐུད་རོགས་སྐྱོར་མཁོ་བའི་རྒྱལ་ཁབ་ལ་རང་ནུས་གང་ལྕོགས་ཀྱིས་རོགས་སྐྱོར་བྱེད་འདོད་ཡོད།
          ལྔ་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་སྨན་རྫས་དང་། རིམས་འགོག་སྨན་ཁབ། བརྟག་དཔྱད་ཚད་ལེན་ཡོ་ཆས་སོགས་ཐད་ཚན་རྩལ་མཉམ་ལས་བྱས་ཏེ་འཛམ་གླིང་ཡོངས་ཀྱིས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།
          “ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་འགོག་རྒོལ་གྱི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་ཡིན”ཞེས་ཀེང་ཧྲོང་གིས་བརྗོད།

རྩོམ་སྒྲིག་པ། བདེ་སྒྲོལ།