དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟཌ་ཅན”རྒྱུན་གཏན་བཞིན་བཏང་བ།

སྤེལ་དུས 2020-03-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

          རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”རྒྱུན་གཏན་བཞིན་བཏང་ཡོད། ཟླ་3ཚེས་15ཉིན་བར། འདི་ལོའི“ཁྲང་ཨན་རྟགས་ཅན”མེ་འཁོར་རིམ་རྩིས་ལྟར་ན་ཐེངས་450བཏང་བ་དང་། དབོར་འདྲེན་བྱས་པའི་དངོས་ཟོག་ཏུན་ཁྲི་37ལྷག་ཙམ་ཟིན་ཡོད་པ་དེ་ནི་ན་ནིང་གི་དུས་མཚུངས་དང་བསྡུར་ན་ལྡབ་གཉིས་ལྷག་ཙམ་ཟིན་པས་རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་དངོས་ཟོག་དབོར་འདྲེན་ཤར་བགྲོད་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།
          ཚེས་15ཉིན་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་ནང་གི་ལྕགས་ལམ་དོས་སྒམ་ལྟེ་གནས་ས་ཚུགས་སུ། དོས་སྒམ་ཁྱོན་84ཡི་ནང་གྲོ་ཞིབ་བསྡོམས་ཏུན་1848བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ནང་གི་དོ་པོ་འབེབས་རྩིས་ཡོད་པ་དང་། འདི་ནི་རིམས་ནད་ཐོན་ཚུན་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟཌ་ཅན”ནང་གྲོ་ཞིབ་དབོར་ཐེངས་ཐོག་མ་དེ་ཡིན་པ་དང་། ཧ་སག་སི་ཐན་གྱི་སྤུས་ལེཌ་གྲོ་ཞིབ་ཤིས་ཨན་ལ་འབྱོར་བ་རེད།
          ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་གྱི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུའུ་ཀོ་ཧྥུང་གིས། རིམས་ནད་ཐོན་རིང་། ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་དང་ལྕགས་ལམ་སྡེ་ཚན་དབར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ“ལྕགས་ལམ་དབར་སྦྲེལ་མཐུད་དབོར་འདྲེན”དང“གཞུང་ལམ་དང་ལྕགས་ལམ་དབར་སྦྲེལ་མཐུད་དབོར་འདྲེན”བྱས་པ་བརྒྱུད་ཤིས་ཨན་གྱི་ལྕགས་ལམ་དོས་སྒམ་ལྟེ་གནས་འབབ་ཚུགས་འདི་ཉིད་དངོས་ཟོག་གཅིག་སྡུད་འགོ་འགྲེམས་ལྟེ་གནས་སུ་གཏོད་རྒྱུ་དང་འབྲེལ། ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་གྱི་གནས་གཏན་འཁེལ་གྱི་ནང་འདྲེན་འགག་སྒོ་དང་ས་མཚམས་སྒྲོལ་བའི་དྲ་ཐོག་ཕྱོཌ་བསྡུས་ཚོད་ལྟ་ཁུལ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། འབྲུ་རིགས་དང་། ཤིང་ཆ། གློག་ཆས་སོགས་ཀྱི་ཟོག་ཁུངས་བརྟན་པོ་རྒྱ་སྐྱེད་ཡོང་བ་བྱས་ཏེ་དུས་གཏན་མེ་འཁོར་རྒྱུན་གཏན་བཞིན་གཏོང་རྒྱུར་ཟོག་ཁུངས་ཀྱི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།