དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨེ་ཁྭ་ཏོར་གྱི་ཙུང་ཐུང་གཞོན་པས།་ཀྲུང་གོས་རིམས་འགོག་དངོས་པོ་ཞལ་འདེབས་བརྒྱབ་པར་ཐུགས་རྗེ་ཆེ་ཞུས་པ།

སྤེལ་དུས 2020-03-30 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

          ཉེ་དུས། ཨེ་ཁྭ་ཏོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨེ་ཁྭ་ཏོར་སྲིད་གཞུང་ལ་རིམས་འགོག་དངོས་པོ་ཞལ་འདབས་འབུལ་བའི་མཛད་སྒོ་ཁེ་ཐོར་གཉེར་བ་དང་། ཨེ་ཁྭ་ཏོར་གྱི་ཙུང་ཐུང་གཞོན་པ་ཨོ་ཐོའུ་·སུང་ནེན་ཧོར་ཚི་ན་མཛད་སྒོར་ཞུགས་པ་དང་འབྲེལ་ཞལ་འདེབས་འབུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
         སུང་ནེན་ཧོར་ཚི་ན་ཡིས་ཀྲུང་གོ་ནི་ཨེ་ཁྭ་ཏོར་ལ་རིམས་འགོག་དངོས་པོ་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་ཐོག་མ་དེ་ཡིན་པས་འཁྱགས་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟར་ཡིན་པས། ཨེ་ཁྭ་ཏོར་ཕྱོགས་ཀྱིས་དུས་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་ཡིན། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོའི་ཉམས་མྱོང་རྩ་ཆེན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་མཐོང་ཆེན་བྱས་ནས་རིམས་ནད་མཆེད་ཚུལ་སྔ་ཙམ་བཀག་འགོག་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཨེ་ཁྭ་ཏོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་གོ་ཡིའུ་ཡིས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། ཀྲུང་གོར་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཨེ་ཁྭ་ཏོར་ཕྱོགས་ཀྱིས་འཕྲལ་མ་ཉིད་དུ་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་གྱི་དཀའ་ངལ་ཚོར་སྣང་ཡོང་གི་འདུག་པས། ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་ཨེ་ཁྭ་ཏོར་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་དེ་བས་མང་བ་བྱེད་འདོད་ཡོད་པས། ཨེ་ཁྭ་ཏོར་ཕྱོགས་ཀྱིས་དཀའ་གནད་ལས་གང་མགྱོགས་སྒྲོལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་དངོས་པོ་ཞལ་འདེབས་བརྒྱབ་པའི་ནང་སྨན་སྤྱོད་འགོག་སྲུང་གྱོན་ཆས་དང་དམར་ཕྱིའི་འོད་ཀྱི་ཚ་བ་ལྟ་ཆས་སོགས་ཚུད་ཡོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།