དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གིས་སྲིད་ཇུས་མཐུན་སྦྱོར་བྱས་ནས་ལས་ཤོར་གྱི་ཉམས་ཉེན་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་པ།

སྤེལ་དུས 2020-03-30 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ཉེ་ཆར། རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་སྙན་ཞུའི་ནང་བརྗོད་དོན། ཏོག་གསར་གློ་ཚད་རིམས་ནད་དབང་གིས་གོ་ལ་ཧྲིལ་པོར་ལས་ཤོར་མི་སྣ་ཁྲི་2500ཙམ་མང་དུ་སོང་བས་རྒྱལ་སྤྱིའི་ཁྱབ་ཁོངས་ནང་རྒྱ་ཁྱབ་དང་མཐུན་སྦྱོར་གཅིག་མཐུན་གྱི་བྱ་ཐབས་མགྱོཌ་མྱུར་སྤེལ་ནས་རིམས་ནད་ཀྱི་ཕོག་ཐུག་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་བྱས་ཡོད།
          སྙན་ཞུ་ལས་གསལ་དོན། ཏོག་གསར་གློ་ཚད་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་ཚོད་རྩིས་བརྒྱབ་ན། རིམས་ནད་དབང་གིས་གོ་ལ་ཧྲིལ་པོར་ལས་ཤོར་མི་སྣ་ཁྲི་530ནས་ཁྲི་2470བར་མང་དུ་འགྲོ་རྒྱུ་རེད། ལས་ཞུགས་ཀྱི་གོ་སྐབས་ཉུང་དུ་ཕྱིན་པ་དང་ངལ་རྩོལ་པའི་ཡོང་འབབ་ཆག་པའི་དབང་གིས། ཚོང་ཟོག་དང་ཞབས་ཞུའི་འཛད་སྤྱོད་སྔར་བས་ཉུང་དུ་འགྲོ་རྒྱུ་ཡིན་པ་དེས་ཁེ་ལས་དང་ཐ་ན་སྤྱི་ཁོག་དཔལ་འབྱོར་གྱི་མདུན་ལམ་ལའང་ཤུགས་རྐྱེན་ཐེབས་ཉེན་ཡོད། རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཀའེ་དབྱི·ལའེ་ཏེ་ཡིས“དེ་ནི་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཉམས་ཉེན་ཞིག་ཡིན་པ་མ་ཟད། ད་དུང་མི་རྣམས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་ར་དང་དཔལ་འབྱོར་གྱི་ཉམས་ཉེན་ཞིག་ཀྱང་ཡིན”ཞེས་བརྗོད་པ་རེད།
          རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱིས་སྤྱི་ཚོགས་འགན་བཅོལ་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་དང་ཁེ་ལས་འབྲིང་ཆུང་ལ་ནོར་སྲིད་དང་ཁྲལ་འབབ་ཆག་ཡང་དང་རྩ་ཆག་གཏོང་བ་ཕུད། ད་དུང་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་འོས་འཚམ་སྤྱོད་ཆོག་པ་དང་འབྲེལ། དམིགས་གཏན་འཁེལ་བའི་དཔལ་འབྱོར་སྡེ་ཚན་ལ་དངུལ་བུན་སོགས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཆོག་ཅེས་བརྗོད་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།