དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རིམས་འགོག་སྨན་བཅོས་ཀྱི་ཀྲུང་གོའི་རོགས་སྐྱོར་དངོས་ཟོག་དངོས་སུ་ཐེ་ལན་ལ་རྩིས་སྤྲད་པ།

སྤེལ་དུས 2020-03-30 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

           ཉེ་ཆར། ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་གནས་པའི་ཐེ་ལན་གྱི་སྤྱི་པའི་འཕྲོད་བསྟེན་པུའུ་རུ་ཐེ་ལན་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོ་སྲིད་གཞུང་གི་རིམས་འགོག་སྨན་བཅོས་དངོས་ཟོག་རྩིས་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
           ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་དབྱང་ཤིན་གྱིས་ཐེ་ལན་གྱི་ཙུང་ལི་གཞོན་པ་དང་སྤྱི་པའི་འཕྲོད་བསྟེན་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཨ་ནུའུ་ཐིན་དང་མཉམ་དུ་མཛད་སྒོར་ཞུགས་པ་རེད།
           ཨ་ནུའུ་ཐིན་གྱིས་ཐེ་ལན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཀྲུང་གོ་ཕྱོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཀྲུང་གོ་སྲིད་གཞུང་གིས་འཕྲལ་ཐག་ཆོད་པོས་བྱ་ཐབས་སྤྱད་ནས་རིམས་ནད་མཆེད་རྒྱུ་གཏན་འགོག་ནུས་ལྡན་བྱེད་པའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ལ་ཐེ་ལན་ཕྱོགས་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད། དཀའ་ངལ་ཆེ་བའི་དུས་སུ་ཀྲུང་གོ་ཕྱོགས་ཀྱིས་བྱས་པའི་རྩ་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་ལས“ཐེ་ལན་དང་ཀྲུང་གོ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ”པའི་མཛའ་བརྩེ་ཟབ་མོ་སླར་ཡང་ར་འཕྲོད་བྱུང་ཡོད། རིམས་ནད་གཏན་འགོག་ཐུབ་རྗེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་བརྟན་དུ་འགྲོ་རྒྱུ་རེད་ཅེས་བརྗོད། 
          དབྱང་ཤིན་གྱིས། ཀྲུང་གོའི་རིམས་འགོག་གི་འགག་རྩའི་དུས་སུ། ཐེ་ལན་གྱི་གོང་མ་ཚང་དང་། སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཀྲུང་གོ་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་བྱས་པ་དེ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་སེམས་སུ་བརྟན་པོར་ངེས་ཡོད། མིག་སྔར་ཐེ་ལན་གྱི་རིམས་ནད་གནས་ཚུལ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་དང་མཉམ་དུ་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ལག་གདང་སྦྲེལ་ནས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་དང་མཉམ་དུ་དཀའ་གནད་ལས་སྒྲོལ་རོགས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།