དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཐེབས་རྩ་བཙུགས་ནས་རིམས་ནད་འགོག་བཅོས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

སྤེལ་དུས 2020-06-28 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་དྲུག་པ་ཚེས་ཉེར་དྲུག་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ་བ་དང་། ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་པའི་མཐོ་རིམ་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་གསལ་སྒྲོག་ཁྲོད་དུ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཐེབས་རྩ་བཙུགས་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་རྒྱུ་མ་ཟད། ཧུར་ཐག་སྒོས་ཕྱོགས་ཡོངས་སླར་གསོ་ལ་སྐུལ་འདེད་གཏོང་རྒྱུ་ཁྱབ་སྒྲོག་བྱས། 
        གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་ས་ཁུལ་དང་འཛམ་གླིང་ཧྲིལ་བོར་སྔ་ན་མེད་པའི་འགྲན་རྩོད་བསླངས་ཡོད་པར་ངེས་ཤེས་གསལ་བོ་རྙེད་ནས། རིམས་ནད་ཀྱི་འབྲེལ་ཡོད་ཤུགས་རྐྱེན་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། དམིགས་སའི་རང་བཞིན་ལྡན་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱེད་པར་འབད་འབུངས་བྱེད་རྒྱུའི་ཆོད་སེམས་བཏོན་ཡོད་ཟེར། 
        གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཐེབས་རྩ་འཛུགས་རྒྱུ་མ་ཟད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་རིམས་ནད་ཀྱི་ཤུགས་རྐྱེན་ཁྲོད་ནས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ཀྱི་སླར་གསོའི་སྒྲོམ་གཞི་གཏན་འབེབས་བྱས་ཏེ། ས་ཁུལ་རང་གི་ཚད་ལས་བརྒལ་བའི་བསྐྱར་འཛུགས་དང་སླར་གསོའི་དུས་རིམ་ལ་རོགས་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཡོད་ཟེར། 
        གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ནང་ཁུལ་དང་ཁེ་ཕན་གྱི་འབྲེལ་བ་ཡོད་པའི་ཕྱོགས་ཁག་སོ་སོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཐུན་མོང་མཐུན་སྦྱོར་བྱེད་པའི་ས་ཁུལ་གྱི་ཐག་གཅོད་བྱེད་ཐབས་སྤྱོད་པར་འགན་སྲུང་བྱེད་པ་དང་། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔར་ལས་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱས་ནས་རིམས་ནད་ཀྱི་ཕྱོགས་སོ་སོའི་ཤུགས་རྐྱེན་ཇེ་ཡང་དུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར། 
        གསལ་སྒྲོག་ལས་ད་རུང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཕྱི་འབྲེལ་གྲོགས་པོ། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱིས་མཉམ་ལས་ལ་བརྟེན་ནས་རིམས་ནད་འགོག་བཅོས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཀྲུང་གོ་སོགས་བར་གྱི་གྲོས་མོལ་ལ་བརྟེན་ནས་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་སྤེལ་བའི་བརྙན་རིས་གྲོས་ཚོགས་ལ་ཕྱིར་དྲན་བྱས་པར་མ་ཟད། འབྲེལ་ཡོད་ཀྱི་གྲུབ་འབྲས་ལ་དགའ་བསུ་བྱས། གསལ་སྒྲོག་ལས་ད་ལོའི་ཟླ་བཞི་བར་བརྙན་རིས་ཀྱི་རྣམ་པས་སྤེལ་བའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་མགོ་ཁྲིད་པའི་དམིགས་བསལ་གྲོས་ཚོགས་ལ་དམིགས་སུ་བཀར་ནས་ཕྱིར་དྲན་བྱས་པ་དང་། ཤུགས་ཆེན་པོས་ཚོགས་ཐོག་གི་གྲོས་གཞི་གཙོ་བོ་དངོས་འབེབ་བྱེད་རྒྱུའི་ཚུལ་བསྟན།  །
རྩོམ་སྒྲིག་པ། སངས་སྐྱབས།