དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ལོ་འདིའི་ནང་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་འཇོག་ཆེད་དགེ་མཚན་ལྡན་པའི་བརྡ་རྟགས་གཏོང་རྒྱུ་ཡིན་པ།

སྤེལ་དུས 2020-06-30 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཉེ་ཆར། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་ཉེར་གཉིས་པ་བྱས་པ་རེད། ཚེས་24ཉིན། ཡོ་རོབ་གྲོས་ཚོགས་རྒྱལ་སྤྱིའི་ཚོང་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དབྱང·ཀྲ་ཧོ་ལ་ཏིར་གྱིས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཕྱོགས་གཉིས་པོའི་འགོ་ཁྲིད་མི་སྣས་ལོ་འདིའི་ནང་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་གྲོས་མོལ་ལེགས་གྲུབ་ཡོང་བར་འབད་བརྩོན་བྱེད་འདོད་ཡོད་ཅེས་སླར་ཡང་ནན་བཤད་གནང་བར་རང་ཉིད་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་རེད།
         ཀྲ་ཧོ་ལ་ཏིར་གྱིས། དེ་སྔའི་འཆར་གཞི་གཞིར་བཟུང་གྲོས་མོལ་ལེགས་གྲུབ་བྱས་ཏེ། འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་རྟགས་གཏོང་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཡག་པོ་མེད་མོད། འོན་ཀྱང་དཔལ་འབྱོར་སྒྲིག་གཞི་ཆེན་པོ་གཉིས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་ཐབས་ཤེས་བཏོན་ནས། ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་ཏན་ཏིག་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་འཛིན་བྱས་པ་རེད།
         ཚེས་23ཉིན། ཀྲུང་གོ་ཕྱི་འབྲེལ་པུའི་ཡོ་རོབ་སིའི་སི་ཀྲང་ཝང་ལུའུ་ཐུང་གིས། ད་ཐེངས་ཐུག་འཕྲད་ཀྱི་གྲུབ་འབྲས་གཙོ་བོའི་གྲས་ཤིག་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་གྲོས་མོལ་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་དེ་རེད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།