དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མ་རུངས་ཁོག་བཅུག་ཅིག་ཡིན་ལ་ངལ་བ་སྟོང་ཟད་དུའང་འགྲོ་ངེས་རེད།

སྤེལ་དུས 2020-07-01 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཉེ་ཆར། ཨ་རིའི་རྒྱལ་དོན་བློན་ཆེན་ཧྥེང་ཧྥེ་ཨའོ་ཡིས་ཀྲུང་ཧྥེའི་འབྲེལ་བ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བར་དམིགས་ནས། ཚེས་29ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་འབྲེལ་ཡོད་གཏམ་བརྗོད་ཀྱིས་གཞི་རྩའི་དོན་དངོས་སྣང་མེད་དུ་བཏང་ནས་ཀྲུང་གོ་ཕྱོགས་ལ་དོན་མེད་དམའ་འབེབས་བཏང་བ་དེར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འབྲེལ་བར་དཀྲུག་ཤིང་བརྒྱབ་པ་ནི་མ་རུངས་ཁོག་བཅུག་ཅིག་ཡིན་ལ་ངལ་བ་སྟོང་ཟད་དུ་འགྲོ་ངེས་ཡིན་པ་མ་ཟད། ལམ་ལྷོངས་ཡོང་ཡང་མི་སྲིད་ཅེས་བརྗོད་པ་རེད།
       ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འདྲི་བར་ལན་རྒྱག་སྐབས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་ཨ་རི་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་ལ་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་། ནད་དུག་གི་རྒྱུད་གཞིའི་རིམ་སྟར་མཉམ་སྤྱོད་བྱས་པ། ཕྱོགས་ཁག་གི་དོ་ཁུར་ལ་ལན་ཧུར་ཐག་བཏབ་པ། ཕྱོགས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཡོངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་དུས་ཚོད་བརྩོན་ལེན་བྱས་པ་མ་ཟད། ལེགས་སྐྱེས་ཀྱང་ཧུར་ཐག་ཕུལ་ཡོད་ཅེས་བརྗོད་པ་རེད།
       ཀྲའོ་ལི་ཅན་གྱིས་ཨ་ཧྥེ་རི་ཁ་ནི་ཀྲུང་གོ་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གི་སྤུན་ཟླ་ཡག་པོ་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཀྲུང་ཧྥེ་རྒྱལ་ཁབ་གཉིས་པོས་བདེ་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་བྱས་ཡོད། ཉེ་ཆར། ཀྲུང་ཧྥེའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཐོག་གྲོས་འགོ་དང་བཞེད་དོན་གལ་ཆེན་རབ་དང་རིམ་པ་བཏོན་གནང་བར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དགའ་བསུ་ཡོངས་ཁྱབ་ངང་ཐོབ་ཡོད། རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་རྡབ་རྡེག་ཤུགས་ཆེན་བཟོས་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པར་བུན་འཇལ་ནར་འགྱངས་ཀྱི་གྲོས་འགོར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། “མིག་སྔར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གཅིག་གིས་ཀྲུང་གོ་ཕྱོགས་ལ་བུན་འཇལ་ནར་འགྱངས་བྱ་རྒྱུའི་རེ་ཞུ་ཕུལ་བར། ང་ཚོས་ཞིབ་ཕྲའི་གནད་དོན་ལ་གཞིགས་ནས་གང་མགྱོགས་གྲོས་མོལ་བྱས་ཏེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་བུ་ལོན་ཁུར་པོ་ཡང་དུ་གཏོང་བ་དང་དཀའ་གནད་ལས་སྒྲོལ་རོགས་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
       “ཨ་རི་ཕྱོགས་ཀྱི་སེམས་ནུས་དེ་རང་ངོས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འཇོག་པ་དང་འབྲེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ལས་དོན་བསྒྲུབས་པ་ལས། གང་སར་རྒྱལ་ཁབ་གཞན་གྱིས་རིམས་ནད་འགོག་རྒོལ་བྱེད་པའི་འབད་འཐབ་ལ་དམའ་འབེབས་གཏོང་བ་དང‘ཆབ་སྲིད་ནད་དུག’གི་དཀྲོག་གཏམ་ཁྱབ་བསྒྲགས་མི་བྱེད་པའི་རེ་བ་ཡོད། སུ་ཞིག་གིས་ཨ་ཧྥེ་རི་ཁར་ལྷག་བསམ་རྣམ་དག་ངང་རོགས་རམ་བྱེད་པ་དང་སུ་ཞིག་གིས་བུ་ལོན་གྱི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་བྱེད་པ་དེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་པོ་མཐོང་བཞིན་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།