དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་བ།

སྤེལ་དུས 2020-08-11 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
ཁུང་ཙི་སློབ་གླིང་240ལྷག་ཙམ་གྱིས་ཀྲུང་ལུགས་གསོ་རིག་དང་ཐའེ་ཅི་དྲག་རྩལ་སློབ་ཚན་བཀོད་སྒྲིག་བྱས་པ།
        ཉིན་ཤས་གོང་གསར་འགོད་པས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། 2019ལོར་ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཀྲུང་ལུགས་གསོ་རིག་རིག་གནས་དེ་ཁུང་ཙི་སློབ་གླིང་དང་ཀྲུང་ལུགས་གསོ་རིག་མཐོ་སློབ་སོགས་ཀྱི་ཐབས་ལམ་བརྒྱུད་རྒྱལ་ཁབ་མང་པོར་ཁྱབ་གདལ་བཏང་ཡོད།
        རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ། 2019ལོའི་ཟླ་12བར་གོ་ལ་ཧྲིལ་པོར་ཀྲུང་ལུགས་གསོ་རིག་གི་ཁུང་ཙི་སློབ་གླིང་དང་ཁུང་ཙི་སློབ་ཁང་15བཙུགས་ཡོད་པ་དང་། རྒྱལ་ཁབ་78ཀྱི་ཁུང་ཙི་སློབ་གླིང་240ལྷག་ཙམ་ལ་ཀྲུང་ལུགས་གསོ་རིག་དང་ཐའེ་ཅི་དྲག་རྩལ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ་དང་ཐོ་བཀོད་སློབ་མ་ཁྲི་3.5ཟིན་ཡོད། གཞན་ཡང་མི་ཁྲི་18.5འབྲེལ་ཡོད་ཀྱི་ཉམས་ལེན་བྱེད་སྒོའི་ནང་ཞུགས་ཡོད།
        རྒྱལ་ཡོངས་ཀྱི་མཐོ་རིམ་ཀྲུང་ལུགས་གསོ་རིག་སློབ་གླིང་དང་སློབ་གྲྭས་ཐབས་ལམ་མང་པོ་དང་། རྣམ་པ་མང་པོ། རིམ་པ་མང་པོའི་ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་སློབ་གསོའི་མཉམ་ལས་ཧུར་ཐག་སྤེལ་ཏེ་ལོ་ལྟར་ཀྲུང་ལུགས་གསོ་རིག་ཆེད་ལས་ཀྱི་ཕྱི་སྦྱོང་སློབ་མ་ཁྲི་ཙམ་བསྡུ་གི་ཡོད། རྒྱལ་ཁབ་ཁག་གཅིག་ལ་ཉིན་གང་ལམ་ལུགས་ཀྱི་ཀྲུང་ལུགས་གསོ་རིག་སློབ་ཚན་བཀོད་སྒྲིག་བྱས་པ་དང་མིག་སྔར་ཕྱི་རྒྱལ་དུ་ཀྲུང་ལུགས་གསོ་རིག་གི་ལས་ཞོར་སློབ་ཁྲིད་སྒྲིག་གཞི་1500ཙམ་ཡོད། སྒྲིག་གཞི་དེ་དག་གིས་ལོ་ལྟར་གོ་ལ་ཧྲིལ་པོར་ཀྲུང་ལུགས་གསོ་རིག་གི་ལག་རྩལ་མི་སྣ་ཁྲི་3ཙམ་སྐྱེལ་གྱི་ཡོད།
        གཞན་ཡང་། ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་སྤུས་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་གི་ཕྱི་རྒྱལ་ལྟེ་གནས་30ཡི་འཛུགས་སྐྲུན་ལས་དོན་སྤེལ་ནས་ཕྱི་རྒྱལ་དམངས་ཚོགས་ཀྱི་སྣེ་མང་ཅན་གྱི་བདེ་ཐང་དགོས་མཁོ་སྐོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་ལུགས་གསོ་རིག་ལ་ཁས་ལེན་ཐོབ་ཚད་དང་ཀྲུང་ཧྭའི་རིག་གནས་ལ་མོས་སེམས་ཐོབ་ཚད་ཆེ་རུ་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”གི་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ཀྱི་བཅོས་ཐབས་འོས་སྦྱོར་བྱེད་སྒོ་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་35རུ་སྤེལ་ཡོད།
        མིག་སྔར་ཀྲུང་ལུགས་གསོ་རིག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་183ལ་བརྒྱུད་སྤེལ་བྱས་པ་དང་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་སྲིད་གཞུང་དང་། ས་ཁུལ་གྱི་གཙོ་གཉེར་སྒྲིག་གཞི། རྒྱལ་སྤྱིའི་རྩ་འཛུགས་བཅས་དང་ཆེད་དམིགས་ཀྱི་ཀྲུང་ལུགས་གསོ་རིག་གི་མཉམ་ལས་གྲོས་མཐུན་བཞག་པས་ཀྲུང་ལུགས་གསོ་རིག་ཕྱོགས་ཡོངས་དང་། ཟུར་ཚད་ཕྱོགས་མང་པོ། ཁྱབ་ཁོངས་རྒྱ་ཆེན་པོ། རིམ་པ་མང་པོ་བཅས་ཀྱི་ཐོག་ནས་ཕྱི་ཕྱོགས་དང་མཉམ་ལས་བྱེད་པའི་རྣམ་པ་ཞིག་ཆགས་བཞིན་ཡོད།
        གྲངས་གཞི་ལས་མངོན་གསལ། 2019ལོའི་ཟླ་12བར་ཀྲུང་ལུགས་གསོ་རིག་གི་ཕྱི་རྒྱལ་ལྟེ་གནས་དང་རྒྱལ་ནང་རྟེན་གཞིས་རྒྱལ་ཁབ་90ཙམ་དང་མཉམ་ལས་བྱས་ཏེ་རྒྱལ་ཁོངས་སྒྲོལ་བའི་མཉམ་ལས་རྣམ་གྲངས་ཁག་388བྱས་ཡོད། གསོ་སྦྱོང་བྱས་པའི་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་མི་ཐེངས་ཁྲི་1.3ལྷག་ཙམ་ཟིན་ཡོད། ཀྲུང་གོའི་དགེ་མཚན་ལྡན་པའི་སྐུལ་འདེད་འོག་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་འཛུགས་ཀྱིས་ཀྲུང་ལུགས་གསོ་རིག་ལག་རྩལ་ཨུ་ལྷན(ISO/TC249)བཙུགས་པ་དང་མིག་སྔའི་བར་ཀྲུང་ལུགས་གསོ་རིག་གི་རྒྱལ་སྤྱིའི་ཚད་གཞི་ཁག་53རིམ་པས་བཟོས་ནས་ཁྱབ་བསྒྲགས་བྱས་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།