དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་ཞིབ་བཟོས་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁག་དང་པོ་ཨ་ཟེར་བྷེ་ཇན་དུ་འབྱོར་བ།

སྤེལ་དུས 2021-01-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཚེས་16ཉིན། ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་གི་ལས་རོགས་མོ་ཕུའུ་སུའུ་མོ་ཕུའུ་ཡིས། ཀྲུང་གོ་ཁོའོ་ཤིན་ཀུང་སིས་ཐོན་སྐྱེད་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁག་དང་པོ་ཨ་ཟེར་བྷེ་ཇན་དུ་འབྱོར་བ་དང་། རྒྱལ་ཁབ་དེས་ཟླ་འདིའི་ཚེས་18ཉིན་ནས་བཟུང་རིམས་འགོག་སྨན་ཁབ་དེ་མང་ཚོགས་ལ་རྒྱག་གི་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
           ཉིན་དེར་མོ་ཕུའུ་སུའུ་མོ་ཕུའུ་ཡིས་རྒྱལ་ས་བྷ་ཁུ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག མིག་སྔར་ཨ་ཟེར་བྷེ་ཇན་གྱིས་ཁོའོ་ཤིན་ཀུང་སིའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྱོན་བསྡོམས་ཁྲི400མངགས་ཉོ་བྱས་པ་དེ་དག་ཁག་བགོས་རྩིས་སྤྲོད་བྱས་ཡོད། ཚེས18ཉིན་ནས་བཟུང་དུས་མཚམས་དང་པོའི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་འཛུགས་རྒྱུ་ཡིན་པ་དེ་ནི་གཙོ་བོ་ལོ65ཡན་གྱི་མི་ཚོགས་དང་དེ་བཞིན་སྨན་དོན་མི་སྣར་དམིགས་པ་དང་། དུས་མཚམས་གཉིས་པའི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་དེ་ཟླ2ཚེས1ཉིན་ནས་སྤེལ་མཁན་རེད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།