དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་གོམ་སྟབས་སྔར་བས་བརྟན་ལ་ནུས་ལྡན་ཡོད་པ།

སྤེལ་དུས 2021-01-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཟླ་1ཚེས་11ནས་16ཉིན་བར་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་འབར་མ་དང་། ཧིན་རྡུ་ཉི་ཞི་ཡ། པུ་རུ་ནེ། ཧྥི་ལི་ཕིན་བཅས་སུ་དངོས་གཞིའི་འཚམས་འདྲི་གནང་སྟེ། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་རོགས་ལས་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་བྱུང་བ་དང་ཆབས་ཅིག་ཀྲུང་གོས་ཞིབ་བཟོ་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཏུ་བེད་སྤྱོད་གཏོང་འགོ་ཚུགས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་སླར་གསོར་རམས་འདེགས་བྱས་ཡོད།
           ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་30འཁོར་བའི་སྐབས་སུ། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་ས་ཁུལ་གྱི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ཡོད། ལོ་སུམ་ཅུ་ཡི་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་སྔར་བས་ལེགས་སུ་ཕྱིན་པ་དང་། ཕྱོགས་གཉིས་པོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུན་པ་སྔར་བས་ཆེ་རུ་ཕྱིན་ནས་གོམ་སྟབས་སྔར་བས་བརྟན་ལ་ནུས་པ་ལྡན་པ་ཞིག་ཏུ་གྱུར་ཡོད།
           ན་ནིང་། ཀྲུང་གོའི་རིམས་འགོག་གི་འགག་རྩའི་དུས་སུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཀྱིས་དུས་ཐོག་ཏུ་ཀྲུང་གོ་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་ཡོད། ཀྲུང་གོས་རྒྱལ་ནང་གི་རིམས་ནད་ཀྱི་གནས་ཚུལ་བརྟན་པོ་བྱུང་རྗེས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཏང་བ་དང་། དངོས་ཟོག་དང་ལག་རྩལ་གྱི་རོགས་སྐྱོར་བྱས་པ། རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱས་པ་མ་ཟད། ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་དང་དངོས་ཟོག་གཏོང་འདྲེན་གྱི“མྱུར་ལམ”དང“ཐོགས་མེད་བགྲོད་ལམ”འཕྲལ་མར་ཤར་གཏོང་བྱས་ཡོད། རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་ལྟ་རེས་སྐྱོང་རེས་དང་དུས་ངལ་མཉམ་སེལ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དཀའ་ངལ་འཕྲད་སྐབས་བརྩེ་སེམས་དངོས་མཚོན་པར་བྱས་ཡོད།
           མིག་སྔར། ཧིན་རྡུ་ཉི་ཞི་ཡ་དང་། ཧྥི་ལི་ཕིན། མ་ལེ་ཞི་ཡ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཏུ་ཉིན་རེར་གསར་འཕར་ནད་དཔེའི་གྲངས་འབོར་མང་དུ་འགྲོ་བ་ལས་ཉུང་དུ་ཕྱིན་མེད། དེས་ན་རིམས་འགོག་སྨན་ཁབ་རྒྱག་རྒྱུ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩི་ཡི་ཡོད། ཉེ་ཆར། ཧིན་རྡུ་ཉི་ཞི་ཡས་མང་ཚོགས་ལ་གཞི་ཁྱོན་ཆེན་པོས་ཀྲུང་གོས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ་མ་ཟད། ཙུང་ཐུང་ཙུའོ་ཁོའོ་རིམས་འགོག་སྨན་ཁབ་རྒྱག་ཡུལ་ཨང་དང་པོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ལ་རིན་མེད་ངང་རིམས་འགོག་སྨན་ཁབ་ཁག་གཅིག་རོགས་སྐྱོར་བྱ་རྒྱུ་མ་ཟད། ཁེ་ལས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་རིམས་འགོག་སྨན་ཁབ་ཉོ་སྒྲུབ་ཀྱི་གན་རྒྱ་འཇོག་རྒྱུར་གང་མགྱོགས་སྐུལ་འདེད་གཏོང་རྒྱུའི་མཛུབ་ཁྲིད་ཀྱང་བྱེད་རྒྱུའི་གཏན་འབེབས་བྱས་པ་དང་། ཐེ་ལན་དང་མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཀྱིས་ཀྱང་ཀྲུང་གོ་ཕྱོགས་ནས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཉོ་རྒྱུའི་གཏན་འཁེལ་བྱས་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གཅིག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོས་ཞིབ་བཟོ་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ལ་བྱང་ཆུབ་པའི་ལག་རྩལ་སྤྱད་ཡོད་པ་དང་། ད་ཡོད་ཀྱི་རིམས་འགོག་སྨན་ཁབ་གསོག་ཉར་དང་སྐྱེལ་འདྲེན་མ་ལག་བེད་སྤྱོད་གང་ལེགས་བྱེད་པ་དེ་ནི་རིམས་འགོག་སྨན་ཁབ་རྒྱ་ཁབ་ངང་སྤྱོད་རྒྱུར་ཕན་པ་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མ་ལེ་ཞི་ཡའི་སྨན་བཟོ་ཁེ་ལས་དང་ཐོན་སྐྱེད་མཉམ་ལས་བྱས་པ་དེ་ནི་ས་གནས་དེ་གའི་རིམས་འགོག་སྨན་ཁབ་ཀྱི་ཐོན་སྐྱེད་འཇོན་ཐང་ཆེ་རུ་གཏོང་བར་ཕན་པ་ཡོད། དེ་ནི་ས་ཁུལ་གྱི་རིམས་འགོག་མཉམ་ལས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པ་ཞིག་རེད་ཅེས་བརྗོད།
           རིམས་ནད་ཀྱིས་ས་ཁུལ་གྱི་དཔལ་འབྱོར་ལ་རྡབ་རྡེག་ཚབས་ཆེན་བཟོས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་མཉམ་ལས་ལ་གཞན་གྱི་སྔོན་དུ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བརྟན་པོར་ཐུན་མོང་ཐོག་སྲུང་སྐྱོང་དང་། ཕྱོགས་མང་མཉམ་ལས་དང་དེ་བཞིན་རང་མོས་ཚོང་དོན་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་དར་ཆ་གསལ་སྟོན་ངང་ངོ་རྒོལ་བཅས་བྱས་ནས་ས་ཁུལ་ཧྲིལ་པོ་གོ་ལ་ཧྲིལ་པོའི་རིམས་འགོག་གི་དཔེ་སྟོན་ཁུལ་དང་དཔལ་འབྱོར་སླར་གསོའི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་བར་སྐུལ་ཁྲིད་བྱས་ཡོད།
           ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་བྱེད་འགོ་ཚུགས་ཚུན། ཐོག་མཐའ་བར་གསུམ་དུ་དོན་དངོས་སྒྲུབ་པ་དང་། མདུན་གྲལ་དུ་སྐྱོད་པ། འཕེལ་ཕྱོགས་ཀྱི་མདུན་སར་གནས་པ་བཅས་བྱས་པས། གྲུབ་འབྲས་ལྡན་ཤོས་དང་གསོན་ཤུགས་ཆེ་ཤོས་ཀྱི་ས་ཁུལ་གྱི་མཉམ་ལས་བྱེད་སྟངས་ཤིག་ལ་གྱུར་ཡོད། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རིམས་ནད་སྐབས་ལས་སྔར་བཞིན་འཕར་བ་དང་། ཕྱོགས་གཉིས་པོས་ཕན་ཚུན་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོར་བརྩིས་ནས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》འཇོག་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་བཀྲག་མདངས་འཚེར་ས་བསྣན་ཡོད། ལོ་གསར་པར། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་ངེས་གནས་རིམ་སྤོར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཚོ་ཐོག་དཔལ་འབྱོར་རོགས་ཟླའི་འབྲེལ་བ་འཛུགས་པ། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ལ་གང་མགྱོགས་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་བ།
རྩོམ་སྒྲིག་པ། བདེ་སྒྲོལ།