དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

དུས་ཚིགས་དང་པོར་འབྲི་ཆུའི་ཟུར་གསུམ་ཁུལ་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཚད་དུས་མཚུངས་ལས་70.2%འཕར་བ།

སྤེལ་དུས 2021-04-09 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་ཟླ་4ཚེས་6ཉིན་ཅང་སུའུ་ལན་ཡུན་ཀང་ཀྲུང་ཧ་ཟོག་འགྲེམས་རྟེན་གཞིར་འཕྲུལ་ཆས་ཆེ་གྲས་ཤིག་གིས་མེ་འཁོར་ཐོག་དོས་སྒམ་འཇོག་བཞིན་པ།
          འདི་ལོ་ཚུན་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྕགས་ལམ་གྱིས་ལྗོངས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཀྲུང་ཡོའི(ཨེ་ཤེ་ཡ་དབུས་མ་ཚུད་པ)ཡིས་མཚོན་བྱེད་དུ་བྱས་པའི་རྒྱལ་སྤྱིའི་ལྕགས་ལམ་གྱི་དོས་སྒམ་མཉམ་འདྲེན་བྱ་རྒྱུ་དེ“རྒྱུད་གཅིག་ལམ་གཅིག”གི་བཀྲག་མདངས་འཚེར་བའི་མིང་བྱང་དུ་འགྱུར་བ་བྱས་ཡོད། ལྕགས་ལམ་སྡེ་ཚན་གྱིས་དར་རྒྱས་ཆེ་བའི་ལྕགས་ལམ་དྲ་བ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་ནང་གི་ཉིང་པོའི་ཀྲོའུ་ཧྲན་གྲུ་ཁ་དང་། ཧྲང་ཧའེ་གྲུ་ཁ། ལན་ཡུན་ཀང་གྲུ་ཁ་བཅས་ཀྱི་མཚོ་རྒྱུད་གྲུ་ཁ་ཆེན་པོ་གསུམ་གྱི་ལེགས་ཆར་བརྟེན་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དཔལ་འབྱོར་ས་ཁོངས་ཀྱི་གཙོ་གནད་ཐོན་ལས་འཁོར་སྦྲེལ་ལ་དམིགས་པ། མཚོ་ཐོག་སྐྱེལ་འདྲེན་དང་ལྕགས་ལམ་སྐྱེལ་འདྲེན་གྱི་མཉམ་འདྲེན་དྲ་བ་ལེགས་སུ་གཏོང་བ། རྒྱལ་ཁབ་ལྕགས་ལམ་བགྲོད་ལམ་གྱི་སྐྱེལ་འདྲེན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱི་ནང་ཚོང་དོན་དང་། ཕྱིར་གཏོང་ནང་འདྲེན། ས་ཁོངས་སྒྲོལ་བའི་ཕྱོགས་གཉིས་ཀྱི་བགྲོད་ལམ་ཆེ་མོ་གཉིས་བཅས་བཏོད་དེ་མཚོ་ཐོག་སྐྱེལ་འདྲེན་དང་ལྕགས་ལམ་སྐྱེལ་འདྲེན་གྱི་མཉམ་འདྲེན་ལས་སྒོ་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཉིན་ཤས་གོང་གནས་ཚུལ་ཡོངས་བསྒྲགས་བྱས་པ་ལྟར་ན། དུས་ཚིགས་དང་པོར་འབྲི་ཆུའི་ཟུར་གསུམ་ཁུལ་དུ་ཀྲུང་ཡོའི(ཨེ་ཤེ་ཡ་དབུས་མ་ཚུད་པ)དུས་གཏན་མེ་འཁོར་618བཏང་བ་དེ་དུས་མཚུངས་ལས་70.2%འཕར་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།