ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པའི་ཐོག་གི་གན་འཇོག་མ་དངུལ་བསྡོམས་འབོར་གྱིས་ཟིན་ཐོ་གསར་པ་བཏོད་པ།

སྤེལ་དུས 2021-09-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཚེས་13ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་གི་དབུ་ཚོགས་ཀོང་ཤིས་ནན་ཉིང་དུ་མཇུག་འགྲིལ་བ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་དྲུང་ཡིག་ཁྲུའི་དྲུང་ཆེ་ཝང་ལུའེ་ཡིས་མཇུག་འགྲིལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་ཀྱི་གན་འཇོག་མཛད་སྒོ་འཚོག་རིང་ཁྱོན་རྒྱལ་སྤྱི་དང་རྒྱལ་ནང་གི་མཉམ་ལས་རྣམ་གྲངས་179ལ་མིང་རྟགས་བཀོད་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3000ལས་བརྒལ་བ་དེ་སྐབས་གོང་མ་ལས་13.7%འཕར་བ་དང་གན་འཇོག་རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་གྱིས་སྐབས་རིམ་བྱུང་གི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་ཅེས་བརྗོད་པ་རེད།
          ཝང་ལུའེ་ཡིས་སྐབས་འདིའི་ཚོགས་འདུ་གཟབ་རྒྱས་ནང་དྲ་ཐོག་དང་དྲ་ཕྱིའི་དཔལ་འབྱོར་ཚོང་དོན་བྱེད་སྒོ་148སྤེལ་བ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་སྒྲོམ་གཞིའི་འོག་གི་མཐོ་རིམ་གླེང་སྟེགས་26ཡོད་པ་དེ་དག་ཐོན་ལས་འཁོར་འབྲེལ་དང་། ཐོན་ནུས། འགག་སྒོ འཕྲོད་བསྟེན་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པའི་ངོ་སྤྲོད་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།