ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ནི་ཀྲེར་གྱི་ཙུང་ཐུང་གིས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁན་ཏ་ཅི་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ལ་གཟིགས་ཞིབ་གནང་བ།

སྤེལ་དུས 2021-09-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་པི་རང་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ནི་ཀྲེར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་ཡིས་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཀེ་ཀྲོའུ་པཱ་ཚོགས་པས་སྐྲུན་འགན་འཁུར་བའི་ནི་ཀྲེར་ཁན་ཏ་ཅི་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ལ་གཟིགས་ཞིབ་གནང་ཞིང་། རྣམ་གྲངས་ཀྱི་ཨར་སྐྲུན་གནས་ཚུལ་ལ་བློ་ཡིད་ཚིམ་པོ་བྱུང་ཡོད།
          པཱ་ཙུའུ་མུའུ་ཡིས་རྣམ་གྲངས་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་དང་། རིམས་འགོག་གནས་ཚུལ། འཛུགས་སྐྲུན་འཕེལ་རིམ་སོགས་ཐད་ཀྱི་སྙན་སེང་གསན་པ་རེད། ཁོང་གིས་ཀྲུང་གོ་ཕྱོགས་དང་ནི་ཀྲེར་གྱི་ལས་མིས་རིམས་ནད་ཐོན་རིང་འགག་སྒྲོལ་དཀའ་སེལ་གྱིས་རྣམ་གྲངས་སྤུས་ཚད་མཐོ་པོའི་འཛུགས་སྐྲུན་འགན་ལེན་བྱས་ཡོད། བཟོ་པ་ཚོའི་ཆོད་སེམས་བརྟན་པོ་དང་ལས་གཅེས་ཀྱི་སྙིང་སྟོབས་ལ་དངོས་འབྲེལ་ཧང་སངས་དགོས་པ་ཞིག་འདུག ཀྲུང་གོའི་ནུས་རྒྱུ་འཛུགས་སྐྲུན་ཀེ་ཀྲོའུ་པཱ་ཚོགས་པ་ཚུད་པའི་སྐྲུན་འགན་འཁུར་མཁན་ཕྱོགས་ཀྱིས་མཉམ་ལས་གཏིང་ཟབ་བྱས་ཏེ། སྔ་ཙམ་རྣམ་གྲངས་འཛུགས་སྐྲུན་བྱས་ཏེ་ནི་ཀྲེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཁན་ཏ་ཅི་ཆུ་ཤུགས་གློག་ཁང་ནི་ནི་ཀྲེར་དུ་བསྐྲུན་པའི་ཆུ་ཤུགས་གློག་ཁང་དང་པོ་དེ་ཡིན་ཞིང་། རྣམ་གྲངས་དེ་ནི་ཀྲེར་གྱི“ལོ་བརྒྱའི་འཆར་གཞིའི”ནང་བཅུག་ཡོད་ལ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་གྲས་ཤིག་ཀྱང་རེད། རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་ལོའི་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6.17ཟིན་རྒྱུ་ཡིན་པ་དེས་ནི་ཀྲེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གློག་ཤུགས་ཀྱི་འགན་ལེན་བྱ་རྒྱུ་མ་ཟད། ད་དུང་ས་གནས་དེ་གའི་ཞིང་ལས་ཀྱི་ཞིང་ཆུ་འདྲེན་པ་དང་། སྤྱི་པའི་འཐུང་ཆུ། སྐྱེ་ཁམས་ཁོར་ཡུག་བཅས་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།