ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀུ་ཐེ་ལེ་སིས་གོ་ལ་ཧྲིལ་པོའི་བདེ་ཐང་གི་ཉེན་ཁ་དང་དབུལ་ཕོངས་ལ་ཁ་གཏད་གཅོག་པའི་ཐད་མཉམ་ལས་བྱེད་དགོས་པའི་རེ་འབོད་བྱས་པ།

སྤེལ་དུས 2021-09-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་12ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་ལྷོ་མཉམ་ལས་ཀྱི་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བརྙན་ལམ་ཐོག་ནས་ཤིས་ཚིག་བསྒྲོན་ཏེ། རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་བདེ་ཐང་གི་ཉེན་ཁར་ཁ་གཏད་ནུས་ལྡན་གཅོག་པ་དང་དབུལ་ཕོངས་དང་འདྲ་མཉམ་མེད་པའི་གནད་དོན་ཉུང་དུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ་དང་འབྲེལ་གནམ་གཤིས་ཀྱི་གནོད་འཚེ་ཐོན་རྒྱུ་འགོག་དགོས་པའི་རེ་འབོད་བྱས་པ་རེད།
          ཀུ་ཐེ་ལེ་སིས“ཏོག་གསར་རིམས་ནད་ནི་དེང་སྐབས་འཛམ་གླིང་ལ་འཕྲད་པའི་རྙོག་འཛིང་ཆེ་ལ་དོན་དངོས་ཀྱི་འགྲན་སློང་ཞིག་རེད། དེས་སྤྱི་ཚོགས་དང་། དཔལ་འབྱོར། ཁོར་ཡུག་བཅས་ཀྱི་ཐད་ང་ཚོར་ལས་སླ་པོ་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་གཏོར་བཤིག་གཏོང་བཞིན་ཡོད། དཀའ་ངལ་ཆེ་བའི་དུས་སྐབས་འདིར་ལྷོ་ལྷོ་མཉམ་ལས་ལ་འདེགས་སྐྱོར་བྱེད་པའི་མཐུན་སྒྲིལ་གྱི་སྙིང་སྟོབས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གལ་འགངས་ཧ་ཅང་ཆེན་པོ་ཡོད་པ་དོན་དངོས་ལས་ཡང་ཡང་ར་སྤྲོད་བྱས་ཡོད”ཅེས་བརྗོད།
          ཀུ་ཐེ་ལེ་སིས་རིམས་ནད་མཆེད་པའི་སྐབས་སུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཁོང་ཚོའི་ཤེས་བྱ་དང་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ་རིམས་ནད་ལ་ཁ་གཏད་ནུས་ལྡན་བཅག་པ་དང་འབྲེལ་རིམས་ནད་ཁྲོད་དུ་སླར་གསོ་ཐུབ་ཡོད། རྒྱལ་ཁབ་ཁག་གིས“བསྟུན་མཁས་ཀྱི་སྤྱི་ཚོགས་ཧུར་ཐག་སྐྲུན་པ་དང་བུད་མེད་དང་གཞོན་ནུ་ཚོར་ལྟ་སྐྱོང་བྱེད་པ། གྲངས་འཛིན་ཅན་སོགས་ཀྱི་གྲོས་འགོར་བརྟེན་ནས་རྒྱུན་མཐུད་ཀྱི་དངུལ་རྩ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས”ཞེས་བརྗོད།
          ཀུ་ཐེ་ལེ་སིས་ལྷོ་ལྷོ་མཉམ་ལས་དང་ཕྱོགས་གསུམ་གྱི་མཉམ་ལས་ཀྱིས་མིའི་རིགས་ལ་ཐུན་མོང་དུ་འཕྲད་པའི་འགྲན་སློང་ལ་ཐག་གཅོད་ཀྱི་ཇུས་གཞི་ཞིབ་ཕྲ་མཁོ་འདོན་བྱས་ཡོད། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ཡོངས་ཀྱི་ལྷོ་ལྷོ་མཉམ་ལས་དང་ཕྱོགས་གསུམ་གྱི་མཉམ་ལས་བྱེད་པ་བེད་སྤྱོད་ཡག་པོ་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་ཐབས་བྱེད་པ་འདི་དག་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་བརྗོད།
          2003ལོའི་ཟླ་12པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་2004ལོ་ནས་བཟུང་ལོ་ལྟར་གྱི་ཟླ་12ཚེས་19ཉིན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་ལྷོ་མཉམ་ལས་ཉིན་མོར་གཏན་འཁེལ་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། 2011ལོའི་ཟླ་12ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2012ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་ལྷོ་མཉམ་ལས་ཉིན་མོའི་དྲན་གསོའི་ཉིན་མོའི་དུས་ཚོད་དེ་ཟླ་9ཚེས་12ཉིན་དུ་བསྒྱུར་ནས་1978ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་ལག་རྩལ་མཉམ་ལས་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《པུ་དབྱི་ནོ་སི་ཨེ་ལི་སིའི་བྱ་སྤྱོད་འཆར་གཞིར》དྲན་གསོ་བྱེད་རྒྱུ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།