ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཁོང་ཀོ(ཅིན)བརྟན་ལྷིང་ཆེད་གཏོང་ཚོགས་པའི་ལྷོ་ཕྱོགས་འཐབ་ཁུལ་གྱི་སི་ལིང་གིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མིས་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པ།

སྤེལ་དུས 2022-05-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  གྲོང་ཁྱེར་ཁེན་ཧྲ་ས་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཁོང་ཀོ(ཅིན)བརྟན་ལྷིང་ཆེད་གཏོང་ཚོགས་པའི་ལྷོ་ཕྱོཌ་འཐབ་ཁུལ་གྱི་སི་ལིང་ཅཱ་ཝ་ཏེས་ཁོང་ཀོ(ཅིན)དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་ཁག་25ཡིས་ཁོང་ཀོ(ཅིན)གྱི་ཞི་བདེ་བརྟན་ལྷིང་དང་མི་ཆོས་རིང་ལུཌ་ཀྱི་རོགས་སྐྱོབ་ལས་དོན་ལ་ལེཌ་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པ་རེད།
  ཅཱ་ཝ་ཏེས་དེ་ཉིན་ནན་ཅི་ཝུའུ་ཞིང་ཆེན་གྱི་པུའུ་ཁེ་ཝུའུ་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་རིམ་གཉིས་སྨན་ཁང་ལ་ལྟ་ཞིབ་གནང་བ་དང་འབྲེལ། ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གི་དཔོན་དམག་ཡོངས་ལ་འཚམས་འདྲི་ཡང་གནང་བ་རེད། ཅཱ་ཝ་ཏེས་སྨན་བཅོས་ཡན་ལག་རུ་ཁག་གིས་ཁོང་ཀོ(ཅིན)གྱི་ཞི་བདེ་བརྟན་ལྷིང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་རེད།