ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རི་པིན་གྱི་ཁྲུང་ཧྲེང་གི་དམངས་ཚོགས་ཀྱིས་རྔམ་སྟོན་བྱས་ཏེ་ཨ་དམག་གི་རྟེན་གཞིའི་གཞི་ཁྱོན་ཆུང་དུ་གཏོང་དགོས་པའི་རེ་བ་བཏོན་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

         ཟླ་5ཚེས་15ཉིན་ནི་ཁྲུང་ཧྲེང་རི་པིན་གྱི་པང་དུ་ལོག་ནས་ལོ་50འཁོར་བའི་དྲན་གསོའི་ཉིན་མོ་རེད། རི་པིན་སྲིད་གཞུང་དང་ཁྲུང་ཧྲེང་རྫོང་སྲིད་གཞུང་གིས་ཉིན་དེར་ཐོ་ཁེའོ་དང་ཁྲུང་ཧྲེང་ས་གནས་གཉིས་སུ་དྲན་གསོའི་མཛད་སྒོ་གཉེར་བ་རེད། ཁྲུང་ཧྲེང་གི་དམངས་ཚོགས་འབོར་ཆེན་ཞིག་གིས་ཚོགས་རའི་ཕྱི་རོལ་དུ་རྒོལ་གཏམ་དྲག་པོ་བཏང་སྟེ་ཨ་དམག་གི་རྟེན་གཞིའི་གཞི་ཁྱོན་ཆུང་དུ་གཏོང་བ་དང་ཐ་ན་ཨ་དམག་གི་རྟེན་གཞི་ཚང་མ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་རེད། 1945ལོའི་ཟླ་4པར་ཨ་དམག་གིས་ཁྲུང་ཧྲེང་བཙན་བཟུང་བྱས་པ་རེད། 1972ལོའི་ཟླ་5ཚེས་15ཉིན་ཁྲུང་ཧྲེང་གི་སྲིད་སྐྱོང་དབང་ཆ་དངོས་སུ་རི་པིན་སྲིད་གཞུང་ལ་སྤྲད་ཡོད་ཀྱང་ཁྲུང་ཧྲེང་ལ་ཨ་དམག་གི་རྟེན་གཞི་འབོར་ཆེན་ཞིག་རང་སོར་བཞག་ཡོད། མིག་སྔར་རི་པིན་དུ་བཅའ་སྡོད་ཨ་དམག་གི་རྟེན་གཞི་70%ཙམ་ཁྲུང་ཧྲེང་རྫོང་དུ་གཅིག་སྡུད་བྱས་ཡོད། འདི་ནི་ཁྲུང་ཧྲེང་རི་པིན་གྱི་པང་དུ་ལོག་ནས་ལོ་50འཁོར་བའི་དྲན་གསོའི་མཛད་སྒོ་ཚོགས་ཡུལ་ཡིན་པ།