ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲེ་ཅང་ཏུང་དབྱང་དུ་ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མའི་ཤིང་བརྐོས་བརྩམས་ཆོས་འགྲེམས་སྟོན་བྱས་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

         2022ལོའི་ཟླ་5ཚེས་16ཉིན། ཀྲེ་ཅང་ཞིང་ཆེན་ཏུང་དབྱང་གྲོང་ཁྱེར་ཀྲེ་ཅང་ཀོང་ཧྲ་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱི་སྒྱུ་རྩལ་ཇུས་འགོད་སློབ་གླིང་གི་ཚོམས་ཆེན་དུ། བརྗོད་བྱ་སྣ་ཚོགས་ཀྱི་ཤིང་བརྐོས་བརྩམས་ཆོས་ཀྱིས་སློབ་མ་མང་པོ་ལྟ་སྐོར་ལ་ཡོང་བའི་ཡིད་དབང་བཀུག་ཡོད། སློབ་གྲྭ་དེའི“བརྐོས་མའི་སྒྱུ་རྩལ་ཇུས་འགོད་ཀྱི་རྒྱལ་སྤྱིའི་འཛིན་གྲྭའི”ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མས་རྒྱ་སྐད་ཆུ་རྒྱུག་རྒྱུག་བཤད་ནས་ལྟ་སྐོར་དུ་ཡོང་མཁན་སློབ་མར་ཁོང་ཚོའི་གསར་རྩོམ་གྱི་བསམ་ཚུལ་དང་། བརྒྱུད་རིམ། དེ་བཞིན་བརྩམས་ཆོས་ཚང་མའི་ནང་དོན་བཅས་ཞིབ་ཕྲ་བརྗོད་བཞིན་པ།