ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཏོག་གསར་རིམས་ནད་ཀྱིས་མི་ཁྲི་བརྒྱ་ལྷག་ཙམ་འཆི་བས་ཨ་རི་ནི་རིམས་འགོག་ཞན་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།

སྤེལ་དུས 2022-05-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཚེས་12ཉིན་ཨ་རིའི་ཙུང་ཐུང་པའེ་ཀྲེན་གྱིས་རིམ་རྩིས་བྱས་ན་ཨ་རི་བ་ཁྲི་100ཙམ་ཏོག་གསར་རིམས་ནད་ལས་འཆི་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཐུར་ཁེའི་གྲགས་ཅན་གྱི་འགོས་ནད་དང་ནད་ཐོག་ཕྲ་རབ་སྐྱེ་དངོས་རིག་པའི་རིགས་གཅིག་མཁས་ཅན་པི་ལུན་ཐེ·ཨེར་ཐུའུ་ལུར་གྱིས“ཨ་རི་འཛམ་གླིང་ཐོག་རིམས་འགོག་བྱེད་ནུས་ཞན་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད”ཅེས་བརྗོད་པ་རེད།
  ཨེར་ཐུའུ་ལུར་ནི་དབྱི་སི་ཐན་པུར་གྱི་རི་ཡ་ཕུའུ་སྨན་ཁང་གི་འགོས་ནད་དང་ནད་ཐོག་ཕྲ་རབ་སྐྱེ་དངོས་རིག་པའི་རིགས་གཅིག་མཁས་ཅན་ཡིན། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཨ་རི་སྲིད་གཞུང་གིས་རིམས་འགོག་བྱེད་རིང་། མི་ཆོས་རིང་ལུགས་དང་སྤྱི་པའི་འཕྲོད་བསྟེན་ལ་བསམ་གཞིག་བྱེད་ནུས་གཏན་ནས་འདང་གི་མེད། རིམས་ནད་མཆེད་མགྱོགས་པོ་ཡོད་རུང་། ཉེ་དུས་ཨ་རི་སྲིད་གཞུང་གིས་ཏོག་གསར་རིམས་ནད་དང་འབྲེལ་བ་ཡོད་པའི་ཚོད་འཛིན་གྱི་བྱེད་ཐབས་ཚང་མ་ཧ་ལམ་མེད་པ་བཟོས་ཡོད་ཅེས་བརྗོད་པ་རེད།
  “ཨ་རི་ནི་འཛམ་གླིང་ཐོག་རིམས་འགོག་ལག་བསྟར་ནུས་པ་ཞན་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད”ཅེས་ཨེར་ཐུའུ་ལུར་གྱིས་འཛེམ་མེད་ངང་བཤད་པ་དང་། ཁོང་གིས“ཨའོ་སྨི་ཁེ་རུང་ངོ་འགྱུར་དུག་སྲིན་མགྱོགས་མྱུར་མཆེད་པས་རིམས་ནད་ཚོད་འཛིན་བྱེད་ཐབས་བྲལ་ཡོད”ཅེས་བརྗོད།
  མི་འབོར་དུང་ཕྱུར་3.3ཙམ་ཡོད་པའི་ཨ་རིར་ཏོག་གསར་རིམས་ནད་དེ་སྙིང་ནད་དང་སྐྲན་ནད་རྗེས་ཀྱི་འཆི་རྐྱེན་ཆེ་གྲས་གསུམ་པར་གྱུར་ཡོད། དེ་ལས་བྱིས་པ་ཁྲི་20ཙམ་ཕ་མ་མེད་པར་གྱུར་པའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གཙོ་བོ་མེད་པར་གྱུར་ནས“དྭ་ཕྲུག”ཏུ་གྱུར་ཡོད། ཨ་རི་སྲིད་གཞུང་གིས་དྭ་ཕྲུག་དེ་དག་ལ་རོགས་རམ་བྱེད་པའི་ཐད་ནུས་པ་དེ་ཙམ་ཡག་པོ་བཏོན་མེད།