ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

IMFཡིས་SDRདངུལ་ལོར་སྒྲིག་གཞིའི་ཁྲོད་ཀྱི་མི་དམངས་ཤོག་སྒོར་གྱི་བསྡུར་ཚད་མཐོ་རུ་བཏང་བ།

སྤེལ་དུས 2022-05-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཚེས་14ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་དམིགས་བསལ་དངུལ་ལེན་དབང་ཆའི(SDR)དངུལ་ལོར་སྒྲིག་གཞིའི་ཁྲོད་ཀྱི་མི་དམངས་ཤོག་སྒོར་གྱི་བསྡུར་ཚད་10.92%ནས་12.28%བར་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ལེགས་སྒྲིག་བྱས་རྗེས་མི་དམངས་ཤོག་སྒོར་གྱི་བསྡུར་ཚད་སྔར་བཞིན་ཨ་སྒོར་དང་ཡོ་སྒོར་རྗེས་ཀྱི་ཨང་གསུམ་པ་ཡིན་པ་རེད།
  ཞིབ་བཤེར་གསར་ཤོས་ལ་གཞིགས་ན། ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱིས་ད་ཡོད་ཀྱི་SDRསྒྲིག་གཞིའི་དངུལ་ལོར་གྲུབ་ཚུལ་མི་འགྱུར་བ་སྲུང་འཛིན་རྒྱུན་འཁྱོངས་བྱ་རྒྱུའི་ཐག་བཅད་པ་སྟེ། ཨ་སྒོར་དང་། ཡོ་སྒོར། མི་དམངས་ཤོག་སྒོར། རི་པིན་གྱི་སྒོར་མོ། དབྱིན་པང་བཅས་ལས་གྲུབ་ཡོད། ཨ་སྒོར་གྱི་བསྡུར་ཚད་41.73%ནས་43.38%བར་མཐོ་རུ་ཕྱིན་པ་དང་། ཡོ་སྒོར་དང་། རི་པིན་གྱི་སྒོར་མོ། དབྱིན་པང་བཅས་ཀྱི་བསྡུར་ཚད་ཆག་ཅིང་། ཡོ་སྒོར་30.93%ནས་29.31%བར་ཆག་པ་དང་། རི་པིན་གྱི་སྒོར་མོ་8.33%ནས་7.59%བར་ཆག་པ། དབྱིན་པང་8.09%ནས་7.44%བར་ཆག་ཡོད་པ་རེད།
  IMFཡིས་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱིས་2017ལོ་ནས་2021ལོའི་བར་གྱི་ཚོང་དོན་དང་དངུལ་རྩའི་ཁྲོམ་རའི་འཕེལ་རྒྱས་ལ་གཞིགས་ནས་བསྡུར་ཚད་གསར་ཤོས་གཏན་འཁེལ་བྱས་ཡོད། མིག་སྔའི་བར་ཏོག་གསར་རིམས་ནད་དང་དངུལ་རྩའི་ཚན་རྩལ་འཕེལ་རྒྱས་ཀྱིས་SDRཁྲོད་ཀྱི་དངུལ་ལོར་གྱི་བསྡུར་ཚད་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད་ཅེས་བརྗོད་པ་རེད།