ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ“ཡོ་རོབ་མནའ་འབྲེལ་ནས་ དོན་པའི”གྲོས་མཐུན་ཐད་ཁ་གཏད་དུ་ལངས་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

         དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་དབར“ཡོ་རོབ་མནའ་འབྲེལ་ནས་དོན་པའི”རྩོད་གཞི་བསྐྱར་དུ་ཐོན་ཡོད། ཚེས་11ཉིན་དབྱིན་ཇི་སྲིད་གཞུང་གིས་གྲོས་མཐུན་ནང་གི“ཨིར་ལན་བྱང་མའི་གྲོས་ཆོད་ཡི་གེར”ཡང་བསྐྱར་གྲོས་མོལ་བྱེད་དགོས་པ་དང་དེ་འདྲ་མ་བྱས་ཚེ་འབྲེལ་ཡོད་ནང་དོན་རྩིས་མེད་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་དང་། ཡོ་རོབ་མནའ་འབྲེལ་གྱིས“ཡོ་རོབ་མནའ་འབྲེལ་ནས་དོན་པའི”གྲོས་མཐུན་ལ་བཅའ་ཁྲིམས་ཀྱི་ཚོད་འཛིན་ནུས་པ་ལྡན་པས་བསྐྱར་དུ་གྲོས་མོལ་བྱེད་མི་སྲིད་ཅེས་ཐ་ཚིག་བསྒྲགས་པ་རེད། འདི་ནི་ཟླ་5ཚེས་13ཉིན། དབྱིན་ཇིའི་ཨིར་ལན་བྱང་མའི་པེར་ཧྥ་སི་ཐེ་ནས་པར་བླངས་པའི་གྲོས་ཚོགས་ཐོག་ཁང་ཆེ་མོ་ཡིན་པ།